ཧའེ་ནན་གྱི་གླིང་ཕྲན་ནང་ཁུལ་གྱི་གྲོང་མིའི་རྒྱུན་མཁོའི་འཛད་ཟོག་གི་ཁྲལ་ཆག་ཚོང་ཁང་ཐོག་མ་ཚོང་གཉེར་བྱེད་འགོ་ཚུགས་པ།

ཉེ་ཆར། ཧའེ་ནན་གྱི་རྒྱུན་མཁོའི་འཛད་ཟོག་གི་ཁྲལ་ཆག་ཚོང་ཁང་ཐོག་མ་ལྔ་པོ་དེ་ཧའེ་ཁོའུ་དང་། སན་ཡཱ། ཏན་ཀྲོའུ་བཅས་ས་གནས་གསུམ་དུ་དུས་གཅིག་ཏུ་སྒོ་ཕྱེ་ནས་ཚོང་གཉེར་བྱས་པ་རེད། ཁྲལ་ཆག་ཚོང་ཟོག་ནང་གཙོ་བོ་བཟའ་བཅའ་དང་བཏུང་བྱ་དང་། རྒྱུན་མཁོའི་དངོས་ཟོག ཁྱིམ་ཆས་སྣ་ཚོགས། མ་བུའི་མཁོ་ཆས་སོགས་ཚུད་པ་དེ་དག་སྤྱོད་ཤས་ཆེ་བ་དང་། རིན་གོང་འཚམ་པ། ཟད་གྲོན་མགྱོགས་པ་བཅས་ཀྱི་རྒྱུན་མཁོའི་དངོས་ཟོག་གཙོ་བོ་རེད། ཧའེ་ནན་ཞིང་ཆེན་གྱི་ཐོབ་ཐང་ལག་ཁྱེར་དང་ཧའེ་ནན་ཞིང་ཆེན་གྱི་གནས་སྡོད་ལག་ཁྱེར་རམ་ཡང་ན་ཧའེ་ནན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་གཱ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་། ཧའེ་ནན་ཞིང་ཆེན་དུ་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བ་མ་ཟད། གནས་སྡོད་ལག་ཁྱེར་ཡོད་རིགས་ཀྱི་མངའ་ཁོངས་ཕྱིའི་མི་སྣས་ལོ་རེར་མི་རེས་ཁྲལ་ཆག་ཚོང་ཁང་ནས་སྒོར་ཁྲི་1རི་བའི་ཚོང་ཟོག་ཉོ་ཆོག་ཅིང་། འདི་ནི་འཛད་སྤྱོད་པ་མང་པོས་ཧའེ་ནན་ཧའེ་ཁོའུ་ཡི་དབང་ཧའོ་རྒྱུན་མཁོའི་འཛད་ཟོག་གི་ཁྲལ་ཆག་ཚོང་ཁང་ནས་ཚོང་ཟོག་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།