ཧ་སག་སི་ཐན་ནས་ཀྲུང་གོའི་ཐང་སུང་དུས་སྐབས་ཀྱི་གནའ་བོའི་དངུལ་ཊམ་དོན་པ།
ཉེ་ཆར། ཧ་སག་སི་ཐན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་ཧ་སག་སི་ཐན་ལྷོ་རྒྱུད་ཀྱི་ཅང་པུར་ཀྲོའུ་ཡི་ས་འོག་ནས་དུས་རབས་8པ་ནས་12བར་གྱི་གནའ་བོའི་དངུལ་ཊམ་ཁག་གཅིག་སྔོག་འདོན་ཐུབ་པའི་ནང་ཀྲུང་གོའི་ཐང་སུང་དུས་སྐབས་ཀྱི་དོང་ཙེ་ཚུད་ཡོད།
ཧ་སག་སི་ཐན་གསར་འགྱུར་ཁང་གིས་ཚེས་10ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ད་ཐེངས་དོན་པའི་གནའ་བོའི་དངུལ་ཊམ་མང་ཆེ་བ་དུས་རབས་8པ་ནས་12བར་གྱི་ཡིན་པ་དེས་གནའ་བོའི་དར་གོས་ལམ་བུར་ཉོ་ཚོང་འགྲོ་འོང་དར་ཁྱབ་ཆེན་པོ་ཡོད་ཚུལ་བདེན་དཔང་ཐུབ་ཡོད།
གནས་ཚུལ་སྤེལ་བར་གཞིགས་ན། ཧ་སག་སི་ཐན་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་གནའ་བོའི་དངུལ་ཊམ་དེ་དག་ལ་ལོ་རྒྱུས་དང་ཚན་ཞིབ་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པས་གནའ་བོའི་དར་གོས་ལམ་བུའི་ཚོང་དོན་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ་རེད། གནའ་རྫས་རྟོག་ཞིབ་ཀྱི་ཞིབ་འཇུག་ལས་དོན་ལེགས་གྲུབ་ཟིན་རྗེས། གནའ་བོའི་དངུལ་ཊམ་དེ་དག་ཅང་པུར་ཀྲོའུ་རྟེན་མཛོད་ཁང་ལ་ཉར་ཚགས་བྱེད་པར་རྩིས་སྤྲོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།