དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཕྲལ་སྡོམ་དོ་དམ་པུས་དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་ལས་འཛོལ་གནོད་འཚེ་སྔོན་འགོག་གི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-14

    ཉེ་ཆར། འཕྲལ་སྡོམ་དོ་དམ་པུས་དཔྱིད་གསར་དུས་ཆེན་སྔ་རྗེས་ཀྱི་ལས་འཛོལ་གནོད་འཚེ་སྔོན་འགོག་གི་ལས་དོན་སླར་ཡང་བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཉེ་ཆར་ཉེན་ཁ་ཆེ་རིགས་དང་ལས་འཛོལ་ཆེ་རིགས་ཐོན་མང་བའི་སྐབས་སུ་ངེས་པར་དུ་སྤྱོད་གོ་ཆོད་པའི་བྱེད་ཐབས་ནན་པོ་བཏོན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཚོར་སྐྱེན་ཆེ་རུ་བཏང་ནས་ཉེ་དུས་ཐོན་པའི་ལས་འཛོལ་གྱི་བསླབ་བྱ་གཏིང་ཟབ་ལེན་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱེད་པ། སྔོན་འགོག་གི་ལས་དོན་འདང་ངེས་དང་གནད་ལ་འཁེལ་པོས་སྒྲུབ་པ་བཅས་བྱས་ཏེ། དམིགས་བསལ་ཚབས་ཆེའི་ལས་འཛོལ་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་དུས་ཐོག་ཏུ་ཉེན་ཁ་སེལ་བའི་འཇོན་ཐང་ཆེ་རུ་བཏང་ཐོག མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་བྱས་ནས་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་མེད་པར་བཟོ་དགོས། དཔྱིད་གསར་དུས་ཆེན་དང་དཔྱིད་གསར་སྐྱེལ་འདྲེན་རིང་བདེ་འཇགས་ཡོང་བར་དམིགས་ནས། འབྲེལ་ཡོད་སྡེ་ཚན་གྱིས་གཞུང་ལམ་འགྲིམ་འགྲུལ་དང་། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། འགྲུལ་སྐྱེལ་གྲུ་ཁ་སོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ལ་ལྟ་འདོམས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་བ་མང་བའི་མཛེས་ལྗོངས་ཁུལ་དང་། དམངས་སྲོལ་འདུ་གནས། བྱེད་སྒོ་ཆེ་གྲས་སྤེལ་ཡུལ་སོགས་མི་སྣ་འདུ་འཛོམས་ཆེ་སར་མེ་སྐྱོན་དང་རྡོག་བརྫིས་ཐེབས་ཉེན་ལ་དོ་དམ་དང་ཚོད་འཛིན་ཡག་པོ་བྱེད་དགོས་པ་མ་ཟད། ཤོག་སྦག་ཐོན་སྐྱེད་དང་། ཚོང་གཉེར། སྐྱེལ་འདྲེན། གསོག་ཉར། སྤོར་བ་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོའི་བདེ་འཇགས་དོ་དམ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་ལས་མཚམས་བཞག་མེད་པའི་གཏེར་རི་དང་། ཉེན་ཆེའི་རྫས་འགྱུར་དངོས་རྫས། བཟོ་ལས་དང་ཚོང་དོན་སོགས་ཉེན་ཆེའི་ཁེ་ལས་ཀྱི་ལག་རྩལ་པ་དང་དོ་དམ་པས་ལས་གནས་བརྟན་སྲུང་བྱས་ཏེ་འགན་འཁྲི་བསྒྲུབས་ནས་མེ་འབྲེལ་ལས་སྒྲུབ་དང་ཞིབ་བཤེར་ཉམས་གསོ་སོགས་ལ་ཞིབ་མཆན་ནན་པོ་འགོད་རྒྱུར་ལྕག་སྐུལ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སོལ་རླངས་དང་། ཉ་ལས་གྲུ་གཟིངས། དམིགས་བསལ་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེ་བའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དགུན་དཔྱིད་ཀྱི་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་ལས་དོན་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས། ས་གནས་ཀྱིས་ཀྲུང་དབྱང་གི་དགུན་དཔྱིད་ཀྱི་རོགས་སྐྱོབ་མ་དངུལ་གང་མགྱོགས་གནད་སྨིན་སྤྲོད་ཐུབ་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་གནས་དང་དྲོད་ལེན་སོགས་ཀྱི་གནས་ཚུལ་ལ་སླར་ཡང་གྲལ་བཤེར་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་རིགས་གང་མགྱོགས་ཞིབ་དཔྱད་དང་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དཔྱིད་གསར་དུས་ཆེན་རིང་གི་གནོད་འཚེའི་ཉེན་ཁར་གྲོས་མོལ་བརྡར་གཅོད་ལས་དོན་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་ནས་ཉེན་ཁ་ཆེ་བའི་ས་ཁུལ་ལ་འཕྲལ་སྡོམ་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། རོགས་སྐྱོབ་སྟོབས་ཤུགས་དང་དངོས་ཟོག་སྔོན་ནས་བཀོད་སྒྲིག་བྱས་ཏེ་ཐོལ་བྱུང་གི་གནས་ཚུལ་ཐོན་སྐབས་དུས་ཐོག་ཏུ་ཕན་འབྲས་ཆེ་བའི་སྒོ་ནས་སྐབས་བསྟུན་ཐག་གཅོད་ཐུབ་པ་བྱེད་དགོས་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།