དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྕགས་ལམ་སྡེ་ཚན་གྱིས་དུས་ཆེན་རྗེས་ཀྱི་འགྲུལ་པ་མང་བའི་དུས་མཚམས་སུ་མཚན་མོའི་མྱུར་བགྲོད་མེ་འཁོར་མང་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འགྲུལ་པའི་ཕྱིར་ལོག་གི་དགོས་མཁོ་སྐོང་ཆེད། དུས་ཆེན་རྗེས་ཀྱི་འགྲོ་འོང་བྱེད་མཁན་འགྲུལ་པ་མང་བའི་དུས་མཚམས་ཏེ་ཟླ་2ཚེས་20ཉིན(ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་བཞི་ཉིན)ནས་ཟླ་2ཚེས་25ཉིན(ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་དགུ་ཉིན)བར་དང་། ཟླ་3ཚེས་4ཉིན(ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་བཅུ་དྲུག་ཉིན)ནས་ཟླ་3ཚེས་6ཉིན(ལུགས་རྙིང་ལོའི་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ཉིན)བར། ལྕགས་ལམ་སྡེ་ཚན་གྱིས་པེ་ཅིང་ནས་ཧར་པིན་དང་། པེ་ཅིང་ནས་ཧྲང་ཧའེ། པེ་ཅིང་ནས་ཀོང་ཀྲོའུ་སོགས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་མ་ལམ་གཙོ་བོར་མཚན་མོའི་མྱུར་བགྲོད་མེ་འཁོར་མང་དུ་གཏོང་རྒྱུ་ཡིན་པ་རེད།

    འགྲུལ་པས་ཚན་རིག་དང་མཐུན་པའི་ཕྱིར་སྐྱོད་འཆར་གཞི་འགོད་རྒྱུར་སྟབས་བདེ་སྐྲུན་ཆེད། ལྕགས་ལམ་སྡེ་ཚན་གྱིས་འགྲུལ་པའི་དགོས་མཁོ་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། མང་དུ་བཏང་བའི་མཚན་མོའི་མྱུར་བགྲོད་མེ་འཁོར་གྱི་སྤ་སེ་སྔོན་ལ་ཚོང་བའི་དུས་ཡུན་ལེགས་སྒྲིག་བྱས་ནས་རིམ་པ་བཞིན་སྔོན་ལ་བཙོང་སྟེ། མེ་འཁོར་མ་བཏང་གོང་གི་ཉིན་5(མེ་འཁོར་གཏོང་བའི་ཉིན་ཚུད་པ)ནས་མེ་འཁོར་མ་བཏང་གོང་གི་ཉིན་10དང་། ཉིན་7 ཉིན་5བཅས་རིམ་པ་གསུམ་དུ་ལེགས་སྒྲིག་བྱས་པ་དང་མཚན་མོའི་མྱུར་བགྲོད་མེ་འཁོར་གྱི་སྤ་སེ་རིམ་བཞིན་ཕྱིར་ཚོང་བྱ་རྒྱུ་ཡིན་པ་རེད།

    མིག་སྔར། དུས་ཆེན་རྗེས་ཀྱི་འགྲུལ་པ་མང་བའི་དུས་མཚམས་སུ་མང་དུ་བཏང་བའི་མཚན་མོའི་མྱུར་བགྲོད་མེ་འཁོར་གྱི་སྤ་སེ་གཅིག་རྗེས་གཉིས་མཐུད་ངང་ཕྱིར་ཚོང་བྱེད་འགོ་ཚུགས་ཡོད། ཟླ་2ཚེས་11ཉིན་གྱི་ཆུ་ཚོད་11བར་ལྕགས་ལམ་12306(དྲ་ཚིགས་དང་དུད་སྣེ་སོགས་ཚུད་པ)ནས་དཔྱིད་གསར་སྐྱེལ་འདྲེན་རིང་གི་མེ་འཁོར་སྤ་སེ་ཚོང་ཚད་རིམ་རྩིས་བརྒྱབ་ན་དུང་ཕྱུར་2ལས་བརྒལ་ནས་སྤ་སེ་ཁྲི་20127.74ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།