དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩས་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-14

    ཟླ་2ཚེས་11ཉིན་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ནས་གནས་ཚུལ་སྤེལ་བ་སྟེ། མཚོ་སྔོན་ཞིང་ཆེན་གྱིས་དགུན་དཔྱིད་ཀྱི་རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱེད་སྒོ་སྤེལ་བ་ནས་བཟུང་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞི་ཁག་ལ་གངས་འཁྱཊ་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་སྨིན་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བར་མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་གངས་འཁྱགས་དཔལ་འབྱོར་གྱི་འབྲེལ་ཡོད་ཁྱབ་ཁོངས་ལ་རིམ་རྩིས་བརྒྱབ་ན་ཡིད་རྟོན་དངུལ་བུན་སྒོར་ཁྲི་2700ཙམ་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱར་བ་རེད།

    མཚོ་སྔོན་ཞིང་ཆེན་དངུལ་རྩའི་སྒྲིག་གཞིས་གངས་འཁྱགས་ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་ཁག་གི་ལྟེ་བའི་བླང་བྱར་དམ་པོར་དམིགས་ཏེ་ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་བེད་སྤྱོད་གནད་སྨིན་བྱས་པ་རེད། སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩའི་ཞབས་ཞུ་དང་གངས་འཁྱགས་དཔལ་འབྱོར་གྱི་ཡུལ་རྣམ་ཁག་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་མ་དངུལ་དང་། ཚོང་དུད། འཛད་སྤྱོད་པ་བཅས་འབྲེལ་མཐུད་ནུས་ལྡན་དང་ཆ་སྒྲིག་གནད་སྨིན་བྱེད་པར་སྐུལ་འདེད་བཏང་ཡོད། མཚོ་སྔོན་ཞིང་ཆེན་གྲོང་གསེབ་ཡིད་རྟོན་ཧྲེའི་མཉམ་འབྲེལ་ཁང་གིས“མི་ཚེའི་གངས་རི་ཨང་དང་པོའི”ཁྱད་ལྡན་སྤུས་རྟགས་གཏོད་རྒྱུར་རམ་འདེགས་བྱས་ཏེ་ཨ་མྱེས་མེ་ལྷ་གངས་དཀར་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་བྱེད་པོ་བཞིར་ཡིད་རྟོན་དངུལ་བུན་སྒོར་ཁྲི་103བཏང་ནས་མཛེས་ལྗོངས་ཀྱི་ཞབས་ཞུའི་ཉམས་ལེན་ཡུལ་རྣམ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་དང་མཉམ་འབྲེལ་བྱས་ནས“ནགས་མཚོའི་གངས་ཀླུང་། དགུན་ལྗོངས་མཉམ་སྤྱོད”སོགས་ཀྱི་འཛད་སྤྱོད་སྐུལ་སྤེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རིམ་རྩིས་བརྒྱབ་ན་གཟིགས་སྐྱོང་སྤ་སེ་ཁྲི་1.6ལྷག་ཙམ་སྤྲད་པ་དང་ཐད་ཀར་མ་དངུལ་སྒོར་ཁྲི་52བཏང་ནས་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་འཛད་སྤྱོད་སྒོར་ཁྲི་800ལྷག་ཙམ་ཟིན་པར་སྐུལ་ཁྲིད་བྱས་ཡོད། ཀྲུང་གོ་བཟོ་ཚོང་དངུལ་ཁང་ཟི་ལིང་ཧའེ་ཧུའུ་ཉིང་ལག་དངུལ་ཁང་གིས་ཞབས་འདེགས་ཞུ་སྟངས་གསར་གཏོད་ཧུར་ཐག་བྱས་ཏེ་ཞིང་ཆེན་དེ་ཡོངས་ཀྱི“རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་དྲ་ཚིགས”ལེགས་གྲུབ་ལྡན་པའི་ངང་བཏོད་ཐོག་ས་ཁོངས་ཀྱི་ཡུལ་ལྗོངས་ཁྱད་ཆོས་དང་དངུལ་ཁང་གི་སྤུས་རྟགས་གཟུགས་བརྙན་དྲ་ཚིགས་ཀྱི་ཇུས་འགོད་ནང་བཅུག་སྟེ་དངུལ་རྩའི་ཞབས་ཞུ་དང་རིག་གནས་ཡུལ་སྐོར་གྱི་ཡུལ་རྣམ་མཉམ་འདྲེས་ཐུབ་པར་བྱས་ཡོད།

    ཞིང་ཆེན་དེ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིས་རྒྱུན་མཐུད་ངང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ཐོག་བདེ་འཇགས་དང་། སྟབས་བདེ། ནུས་ཆེ་བཅས་ཀྱི་གཏོང་སྤྲོད་ཁོར་ཡུག་ཧུར་ཐག་བཏོད་པས་གངས་འཁྱགས་འཛད་སྤྱོད་ཡུལ་རྣམ་གྱི་གཏོང་སྤྲོད་ཉམས་ལེན་རིམ་སྤོར་ནུས་ལྡན་བྱུང་ཡོད། མཚོ་སྔོན་ཞིང་ཆེན་གྲོང་གསེབ་ཡིད་རྟོན་ཧྲེའི་མཉམ་འབྲེལ་ཁང་གིས་གཙོ་གནད་ཡུལ་ལྗོངས་ཁུལ་དུ་ཁེར་རྐྱང་བཟོ་ཚོང་དུད་ཚང་16དང་ཡུལ་སྐོར་རིག་གནས་ཁེ་ལས་གཅིག་ལ་རུབ་འདུས་གཏོང་སྤྲོད་སོགས་ཀྱི་ཞབས་འདེགས་ཞུས་ཏེ་ཉོ་ཚོང་བདེ་བླག་དང་ནུས་ཆེ་ཡོང་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།