དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཡིས་དཔྱིད་གསར་དུས་ཆེན་རིང་དམངས་ཕན་འཛད་སྤྱོད་ཚོང་སྐུལ་གྱི་རིམ་སྤེལ་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-14

    ཟླ་2ཚེས་11ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་རིང་མཚོ་ནུབ་ཀྲོའུ་ཡིས“ལག་རྟགས་གྱ་ནོམ་གྲ་སྒྲིག་བྱས། ཚྭ་འདམ་གཤོང་སར་དགའ་བས་འཛོམས”ཞེས་པའི་དམངས་ཕན་འཛད་སྤྱོད་ཚོང་སྐུལ་གྱི་རིམ་སྤེལ་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་རྒྱུ་ཡིན་ཞིང་། སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་། ཁྱིམ་སྤྱོད་གློག་ཆས། རླངས་འཁོར། གྲངས་འཛིན་བཅས་ཁྱབ་ཁོངས་སུ་འཛད་སྤྱོད་འཛིན་ཤོག་དང་ཉོ་སྒྲུབ་ཁ་གསབ་སྤྲད་དེ། ཀྲོའུ་ཡོངས་ཀྱི་འཛད་སྤྱོད་པར་ཕན་པ་དངོས་བཏགས་ནས་འཛད་སྤྱོད་ཀྱི་སྤྲོ་སེམས་ཕྱོགས་ཡོངས་ནས་འཕེལ་བ་བྱ་རྒྱུ་རེད།

    “ལག་རྟགས་གྱ་ནོམ་གྲ་སྒྲིག་བྱས། ཚྭ་འདམ་གཤོང་སར་དགའ་བས་འཛོམས། ལོ་གསར་མཁོ་ཆས་ཉོ་བར་བྲེལ”ཞེས་པའི་རེས་སྐོར་དང་པོའི་འཛད་སྤྱོད་ཚོང་སྐུལ་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། དེའི་ནང་མཚོ་ནུབ་ཀྱི“ལག་རྟགས་གྱ་ནོམ་གྲ་སྒྲིག་བྱས། ཚྭ་འདམ་གཤོང་སར་དགའ་བས་འཛོམས། ལོ་གསར་མཁོ་ཆས་ཉོ་བར་བྲེལ”ཞེས་པའི་དཔྱིད་གསར་གྱི་ལོ་གསར་མཁོ་ཆས་ཉོ་སྒྲུབ་དུས་ཆེན་དང་། མང་ཡའེ་གྲོང་ཁྱེར་གྱི“དཔྱིད་གསར་དུས་ཆེན་གཏོང་གྲབས་བྱེད། དགུན་དུས་ཉོ་སྒྲུབ་དུས་ཚིགས་ཤར”ཞེས་པའི་ལོ་གསར་མཁོ་ཆས་ཉོ་སྒྲུབ་དུས་ཆེན། ཐེམ་ཆེན་རྫོང་གི“དྲོ་སྐྱིད་དགུན་དུས། དམངས་ཕན་ཀུན་འདོགས”ཞེས་པའི་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ཚོང་སྐུལ་བྱེད་སྒོ ཐེམ་ཆེན་རྫོང་གི“དྲོ་སྐྱིད་དགུན་དུས། དམངས་ཕན་ཀུན་འདོགས”ཞེས་པའི་སྡེབ་ཚོང་སིལ་ཚོང་དང་བཟའ་བཏུང་འཛད་སྤྱོད་ཚོང་སྐུལ་བྱེད་སྒོ་བཅས་ཚུད་པའི་འཛད་སྤྱོད་ཚོང་སྐུལ་གྱི་རིམ་སྤེལ་བྱེད་སྒོ་ཆེན་པོ་བཞིས་མང་ཚོགས་ཀྱིས་ལོ་གསར་མཁོ་ཆས་ཉོ་སྒྲུབ་བྱེད་པ་དང་དཔྱིད་གསར་དུས་ཆེན་དགའ་སྤྲོའི་ངང་གཏོང་བར་ཕན་པ་དངོས་མང་པོ་འདོགས་བཞིན་ཡོད།

    “ལག་རྟགས་གྱ་ནོམ་གྲ་སྒྲིག་བྱས། ཚྭ་འདམ་གཤོང་སར་དགའ་བས་འཛོམས། ལོ་གསར་མཁོ་ཆས་ཉོ་བར་བྲེལ”ཞེས་པའི་རེས་སྐོར་གཉིས་པའི་འཛད་སྤྱོད་ཚོང་སྐུལ་བྱེད་སྒོ་ཟླ་གསུམ་པའི་ཟླ་འགོར་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། གྲངས་འཛིན་ཐོན་རྫས་བཅས་ཉོ་སྒྲུབ་ཀྱི་ཁ་གསབ་བྱེད་སྒོ་གཙོ་གནད་དུ་བཟུང་ནས་སྤེལ་བ་དང་དེ་བཞིན་སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་། བཅོས་སྣུམ་བཅས་ཀྱི་གློག་རྡུལ་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ནས་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག་ཁྲོམ་རའི་གདེང་ཚོད་ཀྱང་ཆེ་རུ་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཞུགས་པའི་ཐབས་ལམ་སྟབས་བདེ་ལ་མང་པོ་ཡོད། རེས་སྐོར་དང་པོའི་བྱེད་སྒོ་སྤྲིན་རྩིས་མྱུར་སྤྲོད་Appསོགས་དྲ་ཐོག་ལས་སྟེགས་བརྒྱུད་ནས་སྤེལ་རྒྱུ་ཡིན་ཞིང་། འཛད་སྤྱོད་པས་སྤྲིན་རྩིས་མྱུར་སྤྲོད་Appཕབ་ལེན་བྱས་ནས་འཛིན་ཤོག་ཧབ་ཐོབ་བརྒྱབ་རྗེས་ཡོངས་བསྒྲགས་བྱས་པའི་དྲ་ཕྱིའི་ཚོང་པའི་ས་ནས་འཕྲལ་གཅོག་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག རེས་སྐོར་གཉིས་པའི་བྱེད་སྒོས་ཧེ་བག་ཅན་གྱི་དམངས་ཕན་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། རླངས་འཁོར་ཉོ་སྒྲུབ་ཀྱི་ཁ་གསབ་དེ་རླངས་འཁོར་ཉོ་སྒྲུབ་ཀྱི་རིན་གོང་ལྟར་རིམ་པ་དབྱེ་ནས་སྤྲོད་རྒྱུ་དང་། ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་སོགས་དྲ་ཕྱིའི་ཚོང་ཁང་དུ་དེ་མཚུངས་ཀྱི་གཟིགས་སྐྱོང་བྱ་རྒྱུ། སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་། བཅོས་སྣུམ་སིལ་འཚོང་བཅས་ལ་གྲངས་ཉུང་འཕྲལ་གཅོག་འཛིན་ཤོག་མང་པོ་མཁོ་འདོན་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།