“སྲོལ་བཞི”དར་སྤེལ་བཏང་སྟེ་དཔེ་བཟང་ལས་ཁུངས་གཏོད་པ།
རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བདུན་པ།
2025ལོའི་ཟླ་2ཚེས་13ཉིན། བོད་ལྗོངས་གཞུང་དོན་གྱི་ཕྱོགས་ཐོན་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། མི་རྣམས་ཀྱིས་གཞུང་དོན་གྱི་ཕྱོགས་ཐོན་སྟབས་བདེ་ལ་ལས་ཕྱོད་ཆེན་པོ་འདུག་ཅེས་མྱོང་ཚོར་ཟབ་མོས་བརྗོད་བཞིན་པ་དང་། རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་བཏོན་པའི་སྟབས་བདེའི་བྱེད་ཐབས་ལ་བསྔགས་བརྗོད་ཀྱང་གཅིག་རྗེས་གཉིས་མཐུད་ངང་བྱས་པ་རེད།
རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ནི་2024ལོའི་ཟླ་2པར་བཙུགས་པ་དང་རྒྱལ་ཡོངས་སུ་བཙུཌ་པའི་ཞིང་ཆེན་རིམ་པའི་ལས་ཁུངས་ལས་དོན་དོ་དམ་ཅུས་མཇུག་ཤོས་དེ་རེད། བཙུགས་ཚུན་དང་ལྷག་པར་དུ་2025ལོ་ཚུན་དུ་ཅུས་དེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“སློབ་སྲོལ་གྱིས་མཐུན་རྐྱེན་སྦྱོར་བ་དང་། ཏང་སྲོལ་གྱིས་སྣེ་ཁྲིད་པ། སྲིད་སྲོལ་གྱིས་རྨང་གཞི་བརྟན་དུ་གཏོང་བ། སྤྱོད་སྲོལ་གྱིས་གཟུགས་བརྙན་གཏོད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལས་ལས་འགན་ཁག་དོན་འཁྱོལ་གནད་སྨིན་ཐུབ་པའི་འགན་ལེན་བྱས་ཡོད།
སློབ་སྲོལ་གྱིས་མཐུན་རྐྱེན་སྦྱར་ནས་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སློབ་སྲོལ་གྱི་གནད་དོན་ནི་ཏང་གི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད”ཅེས་གསུངས་ཡོད།
རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་ཅུས་དོན་ཚོགས་འདུར་སྣེ་ཁྲིད་སློབ་སྦྱོང་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཁྲིད་སྟོན་སློབ་སྦྱོང་། གོང་འོག་ཁོངས་གཏོགས་ཀྱིས་མཉམ་འབྲེལ་སློབ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་བླང་བྱ་དང་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། “བོད་ལྗོངས་ལས་ཁུངས་ལས་དོན་གྱི་སློབ་ཁང་ཆེན་པོ”དང“ལས་ཁུངས་ལས་དོན་གྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ”སོགས་ལས་སྟེགས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་ཁག་ཐེངས་7གྱི་རིགས་གཅིག་མཁས་ཅན་40ལྷག་ཙམ་དང་ཆིང་ཧྭ་སློབ་ཆེན་སོགས་མཐོ་སློབ་ཀྱི་མཁས་དབང་10ལྷག་ཙམ་བོད་དུ་སློབ་ཚན་འཁྲིད་པར་གདན་དྲངས་ཏེ། ཕུགས་བསམ་དད་སེམས་དང་། སྒྲིག་ཁྲིམས་སྒྲིག་སྲོལ། “ཏང་ཡོན་བདག་གཉེར་བའི”སྙིང་སྟོབས་རྒྱུན་འཛིན། ཆེད་ལས་རྩལ་ནུས་མཐོར་འདེགས་སོགས་ཀྱི་སློབ་གསོའི་གསོ་སྦྱོང་ཐེངས་20ལྷག་ཙམ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བར་མི་ཐེངས་800ལ་ཁྱབ་ཡོད་པ་རེད།
ཏང་སྲོལ་གྱིས་སྣེ་ཁྲིད་བྱས་ནས་ལས་སྒྲུབ་ཀྱི་རྣམ་པ་གཏོད་པ།
རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོར་བཙུགས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་དུ་འཆར་འགོད་དང་། བཀོད་སྒྲིག དོན་འཁྱོལ། ཞིབ་བཤེར། ཕྱོགས་སྡོམ། དཔྱད་ཞིབ་བཅས་མཐའ་འཁྱོངས་བྱས་ཏེ། “གཟའ་འཁོར་གཉིས་རེར་སྙན་སེང་རེ་དང་། ཟླ་བ་རེར་བཀོད་གཏོང་རེ། དུས་ཚིགས་རེར་ཞིབ་བཤེར་རེ། ལོ་ཕྱེད་ལ་ཕྱོགས་སྡོམ་རེ། ལོ་རེར་དཔྱད་བརྗོད་རེ”བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་པ་རེད།
དེ་དང་ཆབས་ཅིག ཆེད་དོན་ཚན་ཁག་འཛུགས་པ་དང་བྱ་གཞག་ཚན་པ་འཛུགས་པ་སོགས་ཀྱི་བརྒྱུད་རིམ་ཁྲོད་དུ་ཏང་འཛུགས་སྐྱོང་སྔོན་ལ་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས། གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་ཕྱོགས་ཡོངས་ནས་བཏོན་པ་དང་། “རྣམ་གྲངས་འཛུགས་སྐྲུན་གྱི་དཔྱད་ཞིབ་གདེང་འཇོག”དང“མ་དངུལ་གཏོང་སྒོར་དཔྱད་ཞིབ་མ་བྱས་ན་མི་སྤྲོད་པ” “གྲོན་དངུལ་མ་སྤྱད་སྔོན་ལ་ཞིབ་བཤེར་བྱེད་པ”སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་འཚོལ་ཞིབ་བྱས་ནས། གཞུང་སྦྲེལ་འཕྲེད་ཁྱབ་ཀྱི་སྒྲིག་ཁྲིམས་སློབ་གསོའི་རྣམ་པ་བཏོད་དེ“འགན་འཁྲི་གསལ་པོ་དང་། འགན་འཁྲི་སྒྲུབ་པ། འགན་འཁྲིར་ལྟ་སྐུལ། འགན་འཁྲི་བདའ་འདེད”བཅས་ཀྱི་གདུབ་ཟུམ་དོན་འཁྱོལ་མ་ལག་བཙུགས་པ་རེད།
རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ས་ཁང་བདག་ཁོངས་དོ་དམ་ཁྲུའི་ཁྲུའུ་ཀྲང་ལུང་ཅང་གིས། 2025ལོར་ལྗོངས་ཡོངས་ཀྱི་ལྗོངས་ཐད་གཏོགས་རིམ་པ་དང་པོའི་སྔོན་རྩིས་ཚན་པ་62ཀྱིས་ཉམས་གསོའི་རྣམ་གྲངས་ཁག་381རེ་ཞུ་དང་ཚོད་རྩིས་ཉམས་གསོའི་མ་དངུལ་སྒོར་དུང་ཕྱུར་11.46རེ་ཞུ་བྱས་ཤིང་། ཟ་མཁས་འཐུང་མཁས་ཀྱི་བླང་བྱར་གཞིགས་ནས། གཅིག་གྱུར་གྱི་ཚད་གཞིར་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་ཉམས་གསོའི་ནང་དོན་ལ་ཞིབ་བཤེར་ཉུང་འཕྲི་བྱས་ཏེ་ཉམས་གསོའི་མ་དངུལ་སྒོར་དུང་ཕྱུར་1.56བར་ཞིབ་བཤེར་ཉུང་འཕྲི་བྱས་ཡོད་ཅེས་བཤད།
སྲིད་སྲོལ་གྱིས་རྨང་གཞི་བརྟན་དུ་བཏང་ནས་དོ་དམ་གྱི་ནུས་ཕྱོད་ཆེ་རུ་གཏོང་བ།
སྲིད་སྲོལ་བཟང་པོ་ནི་སྤྱི་ཚོགས་ཀྱི་དར་སྲོལ་དགེ་བརྩོན་ཡར་ཐོན་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བའི་འགག་རྩའི་འགན་སྲུང་ཞིག་རེད།
རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་གཞུང་རྒྱུ་དོ་དམ་ཁྲུའི་འགན་འཁུར་བ་ཀྲང་ཆན་གྱིས་གསར་འགོད་པར་བརྗོད་དོན། ང་ཚོས་སྤྱི་རྫས་མཛོད་ཁང་དོ་དམ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་ཏེ“དངོས་ཚན་དང་རྟོག་བཟོ་ཟུང་འབྲེལ”གྱི་སྤྱི་རྫས་མཛོད་ཁང་དོ་དམ་གྱི་འཁོར་སྐྱོད་བྱེད་སྟངས་ལག་བསྟར་བྱས་ཡོད། སྔོན་རྩིས་བྱས་པ་བརྒྱུད། གཞི་གཅིག་ཅན་ལས་སྟེགས་ཀྱི་རྟོག་བཟོའི་སྤྱི་རྫས་མཛོད་ཁང་དུ་རྒྱུ་ནོར་ཁག་278བསྡུ་ཉར་བྱས་པ་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་དངོས་ཚན་སྤྱི་རྫས་མཛོད་ཁང་དུ་བེད་མེད་རྒྱུ་ནོར་ཁག་900གཅིག་སྡུད་བསྡུ་ཉར་བྱས་པ་དང་རྒྱུ་ནོར་ཁག་218མཁོ་སར་བེད་སྤྱོད་བྱས་པས་ནོར་སྲིད་ཉོ་སྒྲུབ་མ་དངུལ་གྲོན་ཆུང་གི་ཕན་འབྲས་རགས་ཙམ་ཐོན་ཡོད།
གཞན་ཡང་། ཅུས་དེས་གཞུང་ཁོངས་རྒྱུ་ནོར་གཅིག་གྱུར་སྤྱི་འདོམས་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2026ལོའི་སྡེ་ཚན་གྱི་སྔོན་རྩིས་རྒྱུ་ནོར་བཀོད་སྒྲིག་ལ་གཅིག་གྱུར་ཐོག་ཞིབ་དཔྱད་བྱས་པ་དང་། “ཐོག་མའི་གོང་ཞུའི་དུས་མཚམས”ཀྱི་ཀུན་སྤྱོད་དང་དེ་བཞིན་ཆེད་སྤྱོད་རྒྱུ་ནོར་བཀོད་སྒྲིག་ཐད་ཁྱོན་རྒྱུ་ནོར་བཀོད་སྒྲིག་ཁག་475ཡི་སྒོར་དུང་ཕྱུར་11.41ལ་ཞིབ་དཔྱད་བྱས་པ་དང་། ལུགས་མཐུན་མིན་པའི་རྒྱུ་ནོར་བཀོད་སྒྲིག་གི་མ་དངུལ་སྒོར་དུང་ཕྱུར་4.45ཞིབ་བཤེར་ཉུང་འཕྲི་བྱས་པས་མ་དངུལ་ཞིབ་བཤེར་ཉུང་འཕྲི་བྱེད་ཚད་39%ཟིན་པ། “ཞིབ་ཕྲའི་གོང་ཞུའི་དུས་མཚམས”ཀྱི་སྔོན་རྩིས་བཀོད་སྒྲིག་གི་ཞིབ་དཔྱད་ལས་དོན་ལ་མ་དངུལ་སྒོར་དུང་ཕྱུར་3.17རེ་ཞུ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་1.85ལ་ཞིབ་དཔྱད་བྱས་ནས་གྲོས་འཆམ་བྱུང་སྟེ་ཞིབ་བཤེར་ཉུང་འཕྲི་བྱེད་ཚད་41.64%ཟིན་ཡོད།
ལས་སྲོལ་ལ་བརྟེན་ནས་གཟུཌ་བརྙན་གཏོད་དེ་ཉམས་སད་ཐེག་པའི་དཔུང་ཁག་གཏོད་པ།
རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱིས“ཞབས་འདེགས་ཞུ་བ་ནི་ལས་ཁུངས་ལས་དོན་གྱི་རང་ཚུགས་ཐུབ་པའི་རྩ་བ་ཡིན་པ”མཐའ་འཁྱོངས་དང“སྣེ་ལེན་ཆེ་མོ”དང“རྒྱབ་ཕྱོགས་མཁོ་སྒྲུབ་ཆེ་མོའི”འདུ་ཤེས་མཐའ་གཅིག་ཏུ་བརྟན་པོ་བཙུགས་ཏེ“མི་སྣ་གསུམ”(སྣེ་ལེན་པ་དང་། གསལ་འགྲེལ་པ། དྲིལ་བསྒྲགས་པ)གྱི་ཞབས་ཞུའི་བྱ་སྤྱོད་རྒྱུན་མཐུད་ལག་བསྟར་བྱས་ཏེ། ཞབས་འདེགས་ཞུ་ཡུལ་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་ཚད་ཤིང་དུ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་སྲིད་སྒོ་ར་ཆེན་པོའི་ཞབས་ཞུ་འགན་སྲུང་དེ་འགག་རྩར་བྱས་ནས། རིན་ཐང་གི་ངེས་གནས་དེ་རྨང་གཞིའི“མཁོ་སྤྲོད་པ”ནས་སྤུས་ལེགས་ཀྱི“མཐུན་རྐྱེན་སྐྲུན་མཁན”དུ་གཏིང་ཟབ་འགྱུར་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས། བོད་ཀྱི་ཁྱད་ཆོས་ལྡན་པ་དང་བཅོས་སྐྱོང་གི་དྲོ་སྐྱིད་མངོན་པའི་སྤུས་ལེགས་ཞབས་ཞུའི་སྤུས་རྟགས་ཕྱོགས་ཡོངས་ནས་གཏོད་ཡོད།
འབྲེལ་ཡོད་གསར་འགྱུར།