བཟོ་བོའི་རྨད་བྱུང་ལག་ཤེས་རྒྱུན་འཛིན་བྱེད།


པར་འདི་གཉིས་ནི་མལ་གྲོ་གུང་དཀར་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པས་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་ངོམ་སྟོན་བྱེད་བཞིན་པ།
མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས“བཟོ་བོའི་རྨད་བྱུང་ལག་ཤེས་རྒྱུན་འཛིན་བྱེད”ཅེས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ལག་ཤེས་འགྲན་བསྡུར་ཆེན་པོ་དང་རྒྱུན་འཛིན་འཕེལ་རྒྱས་ཀྱི་སྤེལ་རེས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ནང་ལག་ཤེས་འགྲན་བསྡུར་ཆེན་པོ་དང་རྒྱུན་འཛིན་སྤེལ་རེས་ལྷུ་ཚིགས་བཀོད་སྒྲིག་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དང་རྒྱུན་འཛིན་པའི་ལག་ཤེས་འགྲེམས་སྟོན་བྱས་པ་དང་། ཕུལ་བྱུང་བརྩམས་ཆོས་དང་2025ལོའི་ལོ་འཁོར་གྱི་ཕུལ་བྱུང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གཟེངས་བསྟོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།