དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་དུས་ཚིགས་དང་པོའི་རང་སྐྱོང་ལྗོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-14

    ཚེས་11ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀུང་ཧུའེ་ཚའེ་ཡིས་2026ལོའི་དུས་ཚིགས་དང་པོའི་རང་སྐྱོང་ལྗོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། དུས་ཚིགས་དང་པོའི་ཀྲུང་དབྱང་རིམ་ངོས་ཀྱི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། ལྗོངས་ཡོངས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཏན་ཏིག་དང་གཏིང་ཟབ་སྤེལ་བར་སྐུལ་འདེད་རྒྱུན་མཐུད་བཏང་བ་རེད།

    ཀུང་ཧུའེ་ཚའེ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་རིམ་ངོས་ཀྱི་ཆེད་དོན་ལས་ཀའི་ལམ་སྲོལ་གྱི་2026ལོའི་ལས་ཀའི་གཙོ་གནད་དང་རང་སྐྱོང་ལྗོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་སྔར་བས་བྱེད་པའི་2026ལོའི་ལས་ཀའི་གཙོ་གནད་ལ་དམིགས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། “ཡོ་བཅོས་དྲུག”རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ། གནད་དོན་གྱི་ཁུངས་སྣེ་ཞིབ་བཤེར་དང་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ལས་འགན་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་རྒྱུན་མཐུད་གཏོང་བ་བཅས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།