དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཆེན་གོང་གི་བདེ་འཇགས་ཐོན་སྐྱེད་ཐད་ཞིབ་བཤེར་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-14

    བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་དེ་བས་བརྟན་དུ་གཏོང་ཆེད། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལྟེ་གནས་ཁག་དང་ཞབས་ཞུ་བྱ་ཡུལ་ཁག་ཏུ་བསྐྱོད་དེ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་གི་བདེ་འཇགས་ཐོན་སྐྱེད་ཐད་ཕྱོགས་ཡོངས་ནས་ཞིབ་བཤེར་ཆེན་པོ་བྱས་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་བྱེད་རིང་། གཙོ་གནད་ས་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གནད་སྨིན་བྱས་པ་མ་ཟད། ཟ་ཁང་གི་བདེ་འཇགས་ཐད་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་ཟ་ཁང་གི་གློག་དང་། སོལ་རླངས། ཆུ་བཅས་སྤྱོད་པའི་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་དང་བཟའ་བཅའི་འཕྲོད་བསྟེན་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གཏན་འགོག་བྱས་ཡོད། དེ་དང་ཆབས་ཅིག མེ་ཟོན་སྒྲིག་ཆས་ལ་གྲལ་བཤེར་ཡག་པོ་བྱས་ཏེ། མེ་ཟོན་ཡོ་བྱད་སྒྲིག་སྦྱོར་དང་། གོ་ཆོད་དུས་ཡུན། འཁོར་སྐྱོད་གནས་ཚུལ་བཅས་ཚང་མར་རེ་རེ་བཞིན་ཞིབ་བཤེར་བྱས་ནས་འགག་རྩའི་དུས་སུ་གོ་ཆོད་ཐུབ་པའི་འགན་ལེན་བྱས་ཡོད། ཆུ་འབུད་དང་ཆུ་འདྲེན་མ་ལག་ལ་གྲལ་བཤེར་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཆུ་འགྲོ་དང་ཆུ་འདྲེན་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱས་ཏེ། ཆུ་འགྲོ་ཤར་གཏོང་ཐུབ་པ་དང་མ་ལག་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། མི་སྣ་འདུ་འཛོམས་ཆེ་སའི་བདེ་འཇགས་ལ་དམ་པོར་དམིགས་ནས་ཞབས་འདེགས་ཞུ་ཡུལ་གྱི་སྡོད་ཁང་དང་། ལས་བཟོའི་སྡོད་ཁང་། གཞུང་ལས་ཁང་སོགས་ས་ཁོངས་ཀྱི་ཆུ་དང་གློག་སྤྱོད་སྒྲིག་བཀོད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། ལྷག་པར་དུ་གསང་སྤྱོད་དང་གློག་སྐས་སོགས་སྤྱོད་མང་བའི་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ལྟ་བཤེར་ཡང་ཡང་བྱས་ཏེ། གེགས་མེད་སྒྲིག་བཀོད་ཀྱི་བྱེད་ནུས་འཁོར་སྐྱོད་བདེ་བླག་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།