དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཨུད(ཏང་ཙུའུ)ཀྱིས་འོག་རིམ་ཏང་རྩ་འཛུགས་ཀྱི“འགོ་གཙོ་དང་པོར”ལྟ་སྐུལ་གླེང་མོལ་བྱེད་པའི་ལས་ཀའི་བྱེད་ཐབས》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཏང་ཨུད(ཏང་ཙུའུ)ཀྱིས་འོག་རིམ་ཏང་རྩ་འཛུགས་ཀྱི“འགོ་གཙོ་དང་པོར”ལྟ་སྐུལ་གླེང་མོལ་བྱེད་པའི་ལས་ཀའི་བྱེད་ཐབས》བཀྲམ་པ་མ་ཟད། བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྩི་སྲུང་དང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད་པ་རེད།

    《ཏང་ཨུད(ཏང་ཙུའུ)ཀྱིས་འོག་རིམ་ཏང་རྩ་འཛུགས་ཀྱི“འགོ་གཙོ་དང་པོར”ལྟ་སྐུལ་གླེང་མོལ་བྱེད་པའི་ལས་ཀའི་བྱེད་ཐབས》ནང་། ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། “འགོ་གཙོ་དང་པོའི”དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱེད་ཐབས་འདི་བཟོ་བ་བསྟན་ཡོད།

    བྱེད་ཐབས་འདི་ས་གནས་ཏང་ཨུད་དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའི་ལས་ཀའི་སྲོལ་ཡིག》གཞིར་བཟུང་བཙུགས་པའི་ཏང་ཙུའུ(ཏང་ཨུད)ཡིས་རྒྱུན་གཏན་གྱི་ལྟ་སྐུལ་ལས་དོན་ནང་འོག་རིམ་ཏང་ཨུད(ཏང་ཙུའུ)དང་ལས་ཁུངས་ཏང་རྩ་འཛུགས(གཤམ་དུ་འོག་རིམ་ཏང་རྩ་འཛུགས་ཞེས་གཅིག་གྱུར་འབོད་རྒྱུ)ཀྱི“འགོ་གཙོ་དང་པོས” ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁུར་བ་དང་པོའི་འགན་འཁྲི་སྒྲུབ་ཚུལ་དང་རང་གཅུན་ནན་པོ་བྱས་ཚུལ་ལ་གླེང་མོལ(གཤམ་དུ་ལྟ་སྐུལ་གླེང་མོལ་ཞེས་བསྡུ་རྒྱུ)བྱེད་པར་སྤྱོད་ཆོག

    ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་། ཏང་གི་ལས་དོན་ལས་ཁུངས། ཏང་ཨུད་ཐད་གཏོགས་བྱ་གཞག་ཚན་པ་བཅས་ཀྱིས་ཚན་པ་དེ་རང་དུ་ལྟ་སྐུལ་གླེང་མོལ་གྱི་བྱེད་སྒོ་སྤེལ་བ་དང་། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ལྟ་སྐུལ་གླེང་མོལ་བྱས་ཏེ་བྱེད་ཐབས་འདིར་གཞིགས་ནས་ལག་ལེན་བསྟར་དགོས།

    ཏང་རྩ་འཛུགས་ཀྱིས་གླེང་མོལ་བྱེད་ཐབས་སྤྱད་ནས་གནད་དོན་གྱི་ཁུངས་སྣེ་ཐག་གཅོད་བྱེད་པའམ་ཡང་ན་འགན་བཞེས་གླེང་མོལ་དང་ཁ་ཏ་བསླབས་འདོམས་བྱས་ཏེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས།

    ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཏང་རྩ་འཛུགས་ཀྱི་གོང་ནས་འོག་བར་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། འོག་རིམ་ཏང་རྩ་འཛུགས་ཀྱི“འགོ་གཙོ་དང་པོའི”སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་རྒྱག་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པར་ལྟ་སྐུལ་བཅས་བྱས་ནས། རང་གཅུན་ནན་པོ་དང་། འགན་འཁྲི་ནན་འཁུར། གཏོགས་ཁོངས་ནན་སྡོམ་བཅས་ཐུབ་པ་བྱེད་དགོས།

    ལྟ་སྐུལ་གླེང་མོལ་བྱེད་པར་གཤམ་གསལ་གྱི་རྩ་དོན་ཁག་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་སྟེ། (གཅིག) ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་། (གཉིས) གཙོ་གནད་མངོན་གསལ་དོད་དུ་གཏོང་རྒྱུ་མཐའ་འཁྱོངས། (གསུམ) སྔ་ས་དང་ཆུང་ས་ནས་དམ་འཛིན། སྐྱོན་ཆུང་དུས་ནས་སེལ་བ་བཅས་བྱ་རྒྱུ་མཐའ་འཁྱོངས། (བཞི) གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། (ལྔ) དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།