དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱིས་བྱ་སྤྱོད་ཁག་གསུམ་སྤེལ་ནས་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པར་ཟི་ལིང་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ཤིང་། བཅོས་སྐྱོང་གཞོགས་འདེགས་དང་། རིག་གནས་ཁྱབ་སྤེལ། ཞབས་ཞུའི་སྤུས་ཚད་མཐོར་གཏོང་བཅས་ཀྱི“བྱ་སྤྱོད་གསུམ”ལག་བསྟར་བྱས་པ་བརྒྱུད། མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྐྱིད་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་ཟི་ལིང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    བཅོས་སྐྱོང་གཞོགས་འདེགས་བྱ་སྤྱོད་སྤེལ་ཞིང་། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། མི་རིགས་ལས་དོན་དེ་གཞི་རིམ་བཅོས་སྐྱོང་མ་ལག་ནང་གཏིང་ཟབ་བཅུག་ནས་བར་མཐོངས་དང་། རིག་གནས། དཔལ་འབྱོར་སོགས་ཀྱི་ཐད་མི་རིགས་ཁག་གི་མང་ཚོགས་ཕྱོགས་ཡོངས་ནས་ཞུགས་རྒྱུར་སྐུལ་འདེད་བཏང་ཡོད། སྟོང་སྐོར་རྫོང་ཁྲེང་ཀོན་གྲོང་རྡལ་ཞི་ཏཱ་ཁྲོམ་གཞུང་སྡེ་ཁུལ་དུ“1569”ཡི་ལས་ཀའི་རྣམ་པ་གསར་གཏོད་དང་ཁྱབ་གདལ་བཏང་བ་དང་། ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་མནའ་འབྲེལ་དེ་དམ་འཛིན་བྱ་གཞིར་བྱས་པ། “སེ་འབྲུ་དམར་པོའི”དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ། སྲིད་འཛིན་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱི་ཐོན་ཁུངས་གཅིག་ཏུ་སྦྲེལ་བ་བརྒྱུད“ཐོན་ཁུངས་མཉམ་སྤྱོད་དང་། འགན་འཁྲི་མཉམ་འཁུར། ལས་དོན་མཉམ་གྲོས”བཅས་ཀྱི་མཉམ་སྐྲུན་མ་ལག་ཆགས་པར་བྱས་ཡོད། “དཔེ་དེབ་མཉམ་དུ་ཀློག་པ་དང་། ཁ་ལག་མཉམ་དུ་ཟ་བ། དུས་ཆེན་མཉམ་དུ་གཏོང་བ”སོགས་ཀྱི་རྒྱུན་གཏན་བྱེད་སྒོ་སྤེལ་བ་བརྒྱུད“མཉམ་མྱོང་བཞི”ཡི་གཅིག་མཐུན་ཚོགས་པའི་འདུ་ཤེས་གྲོང་མིའི་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ཡོད། རིག་གནས་ཁྱབ་སྤེལ་བྱ་སྤྱོད་སྤེལ་ཞིང་། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་རིག་གནས་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཡོད། ཞབས་ཞུའི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་ཞིང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ“ཟབ་གཏོང”ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།