ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་གྲྭར་སྤེལ་བ།

འདི་ནི་ཕུའུ་ཁྲ་དབྱི་ལ་སློབ་ཆེན་གྱི་སློབ་མས“དར་གོས་ལམ་བུའི་རིག་གནས་པའི་མཉམ་འཛོམས། ཀྲུང་གོའི་ཉམས་བཟང་ཀུན་ཏུ་ཁྱབ་ཅེས་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་སློབ་གྲྭར་གཉེར་བའི”བྱེད་སྒོར་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕུའུ་ཁྲ་དབྱི་ལ་སློབ་ཆེན་དུ་གཞི་ཁྱོན་ཆེ་བའི་དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་དང་པོ་སྤེལ་བར་དགེ་སློབ་མང་པོའི་ཡིད་དབང་འཕྲོག་ཡོད། ཚང་མས་བཀྲ་ཤིས་ཡི་གེ་འབྲི་བ་དང་། ཤོག་དྲས་བཟོ་བ། ཇ་ལོའི་བཏུང་བྱར་རོལ་བ་བཅས་བྱས་ཏེ། ལོ་གསར་གྱི་དགོད་སྒྲའི་ཁྲོད་ཀྲུང་གོའི་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་བཟང་པོ་མཚོན་པར་བྱས་ཤིང་། ཤིང་པར་གྱི་ལོ་གསར་རི་མོའི་འགྲེམས་སྟེགས་མདུན་དུ་མཐོ་འབྲིང་ནས་རྒྱ་ཡིག་སྦྱངས་འགོ་ཚུགས་པའི་པ་ཏེར·ཨའེ་ཧ་མའེ་ཏེ་ཡིས་བཟོ་རྩལ་ཆེ་མོ་བའི་མཛུབ་ཁྲིད་འོག་ལོ་གསར་རི་མོ་ཞིག་བྲིས་པར། རྒྱ་ཡིག་དགེ་རྒན་ཧན་ཡུས་ཆིང་གིས་ཁོང་ལ་ལོ་གསར་རི་མོའི་དར་ཚུལ་དང་དེའི་མཚོན་དོན་ལ་འགྲེལ་བཤད་བརྒྱབ་པ་རེད། པ་ཏེར་གྱིས“ཀྲུང་གོའི་རིག་གནས་ལ་དངོས་གནས་ཡིད་དབང་འཕྲོག་པ་ཞིག་འདུག ངས་ལོ་གསར་གྱི་རི་མོ་དེ་ཁྱིམ་གྱི་གྱང་ལྡེབས་སུ་སྦྱར་ནས་ནང་མི་ཚང་མར་ཀྲུང་གོའི་ལོ་གསར་གྱི་མྱོང་བ་ཚོར་དུ་འཇུག་གི་ཡིན”ཞེས་བཤད།
ཉིན་ཤས་གོང་། ཏི་པའེ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་གཙོ་གཉེར་བྱས་པའི“དར་གོས་ལམ་བུའི་རིག་གནས་པའི་མཉམ་འཛོམས། ཀྲུང་གོའི་ཉམས་བཟང་ཀུན་ཏུ་ཁྱབ་ཅེས་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་སློབ་གྲྭར་གཉེར་བའི”བྱེད་སྒོ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ལ་སི་ཧའེ་མ་ཨ་རིའི་སློབ་ཆེན་དང་། ཧྥུ་ཁྲ་དབྱི་ལ་སློབ་ཆེན། ཧྲ་ཅ་ཨ་རིའི་སློབ་ཆེན་སོགས་ལ་སྔ་རྗེས་སུ་སྤེལ་བ་ལས་ཀྲུང་གོའི་ལོ་གསར་གྱི་སྤྲོ་སྣང་དང་འཆམ་མཐུན་མངོན་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཐོ་སློབ་ཀྱི་དགེ་སློབ་རྣམས་ལ་ཀྲུང་གོའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱུང་ཡོད།
“རླུང་གཡབ་ལ་རྩི་གཏོང་བའི་ལག་རྩལ་འདི་དང་ཐོག་ཀྲུང་གོ་ནས་དར་བ་དང་། ང་ཚོས་ཚོན་རྩི་ཆུའི་ནང་མི་བཞུ་བའི་ཁྱད་ཆོས་ལ་བརྟེན་ནས། ཆུ་ཚོན་པར་རྒྱག་གི་ལག་རྩལ་བརྒྱུད་རླུང་གཡབ་ངོས་ལ་ཐུན་མོང་མ་ཡིན་པའི་རི་མོ་བཀོད་ཡོད”ཅེས་ལ་སི་ཧའེ་མ་ཨ་རིའི་སློབ་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཚལ་ཕྱུ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལི་ཏུང་ཞ་ཡིས་སློབ་མ་ཚོར་རླུང་གཡབ་སྤྲོད་ཞོར་རླུང་གཡབ་ལ་རྩི་གཏོང་བའི་ལག་རྩལ་སྐོར་ངོ་སྤྲོད་བྱས།
ཏི་པའེ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཨོའུ་པོ་ཆན་གྱིས། དཔྱིད་གསར་དུས་ཆེན་རིང“ནང་མི་མཉམ་འཛོམས”ནས་རིག་གནས་པའི་མཉམ་འཛོམས་ཀྱི“རིག་གནས་མཉམ་འདྲེས”བར་ཀྲུང་ཧྭ་རིག་གནས་ཀྱིས་ཞི་མཐུན་དང་། སྐད་ཆ་ཤོད་རེས། བསམ་བློའི་ངོས་འཛིན་གཅིག་མཐུན་བཅས་དོན་གཉེར་བྱེད་ལུགས་མཚོན་གྱི་ཡོད། ཀྲུང་གོའི་དཔྱིད་གསར་དུས་ཆེན་སློབ་གྲྭར་གཉེར་བའི་བྱེད་སྒོ་འདིས་དར་གོས་ལམ་བུའི་སྙིང་སྟོབས་དང་། དཔྱིད་གསར་དུས་ཆེན། རིག་གནས་པའི་མཉམ་འཛོམས་ཀྱི་སྲོལ་རྒྱུན་བཅས་མཉམ་འདྲེས་བྱུང་ནས་ཀྲུང་གོ་དང་ཨ་རབ་ཚོ་དཔོན་རྒྱལ་ཁབ་དབར་གྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མངོན་ཐུབ་པ་མ་ཟད། ཤེས་དཔལ་དབར་སྐད་ཆ་ཤོད་རེས་བྱས་པ་བརྒྱུད་ཕན་ཚུན་བློ་སྒོ་ཕྱེ་ཐུབ་པའང་བྱུང་ཡོད་ཅེས་བཤད།
ཧྲ་ཅ་ཨ་རིའི་སློབ་ཆེན་གྱི་སློབ་སྤྱི་ཐུའོ་ཏེ·ལོར་སེན་གྱིས“རིག་གནས་མི་འདྲའི་དབར་གྱི་སྤེལ་རེས་བྱེད་སྒོ་འདིས་སློབ་མའི་སློབ་གསོ་དང་ལེན་གྱི་མྱོང་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་ཚང་མས་སྤྲོ་སྣང་ཉམས་སུ་མྱོང་རིང་ཕན་ཚུན་སློབ་སྦྱོང་དང་བསམ་ཤེས་བྱེད་ཟབ་ཏུ་སོང་ནས་ཨ་རབ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་གཞོན་ནུའི་དབར་གྱི་བར་ཐག་སྔར་བས་ཉེ་རུ་ཕྱིན་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།