2026ལོའི་སི་ཕེན་གྱི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་མ་ཏེ་རིར་སྤེལ་བ།
ཉེ་ཆར། 2026ལོའི་སི་ཕེན་གྱི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་རྒྱལ་ས་མ་ཏེ་རིར་སྤེལ་ཞིང་། བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་ནང“ཀྲུང་གོའི་བྲོ་བའི”སྣེ་ལེན་འདུ་ཚོགས་དང་། “སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རོལ་དབྱངས་འདུ་ཚོགས། དེ་བཞིན་རིག་གནས་བསམ་བཀོད་འགྲེམས་སྟོན་སོགས་ཚུད་ཡོད། རྟ་ལོའི་ཚོན་ཁྲའི་གློག་སྒྲོན་ནས་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བར་དང་། ཀྲུང་གོའི་ཟློས་གར་ནས་གནའ་རྫས་འདྲ་བཟོའི་རིག་གནས་བསམ་བཀོད་བར་གྱི་བྱེད་སྒོ་རབ་དང་རིམ་པས་དཔྱིད་གསར་དུས་ཆེན་གཞི་རྟེན་དུ་བྱས་ཏེ་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་ཤེས་དཔལ་ཕན་ཚུན་སློབ་སྦྱོང་བྱེད་པའི་ནང་དོན་ཟབ་མོ་གསོན་ཉམས་དོད་པོས་མངོན་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་བསྣན་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྤུས་རྟགས་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”སི་ཕེན་དུ་ལོ་15བསྟུད་མར་སྤེལ་བ་རེད།
ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ཀའོ་ཀྲེང་གིས། ཤེས་དཔལ་གྱི་སྐད་ཆ་ཤོད་རེས་བྱེད་པ་ནི་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་ཕྱོགས་ཀྱིས་མི་སྣ་འགྲོ་འོང་ལ་རྒྱུན་མཐུད་སྟབས་བདེ་བསྐྲུན་ཡོད། 2025ལོར་ཀྲུང་གོར་ཡོང་མཁན་སི་ཕེན་གྱི་སྤྱི་དམངས་མི་ཐེངས་ཁྲི་21ལྷག་ཙམ་དང་ཀྲུང་གོའི་སྤྱི་དམངས་སི་ཕེན་དུ་འགྲོ་མཁན་མི་ཐེངས་ཁྲི་80ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།