དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས”ཞེས་པའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-13

    ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ“རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས”ཞེས་པའི་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་13དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་རྒྱལ་ཁབ་120ལྷག་ཙམ་གྱི་འཐུས་མི། དེ་བཞིན་ཨ་རིའི་ལས་རིགས་ཁག་གི་གྲོགས་པོ་500ལྷག་ཙམ་བཅས་བྱེད་སྒོར་ཞུགས་ནས་རྟ་ལོའི་ལོ་གསར་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བརྙན་ལམ་ནས་རྟེན་འབྲེལ་ཤིས་ཚིག་སྒྲོན་སྐབས་རྒྱ་སྐད་ཀྱི་ཐོག་ནས་ཀྲུང་གོའི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ་དང་ཀྲུང་གོས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོའི་མཉམ་ལས་བྱ་གཞག་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས་ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་ལོ་ཡིན་ཞིང་། ཀྲུང་གོས་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ནས་འཛམ་གླིང་དང་མཉམ་ལས་གཉིས་ཁེའི་མཛེས་སྡུག་ལྡན་པའི་རེ་འདུན་བཅངས་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་རྟ་མཆོག་གཅིག་གིས་སྣེ་ཁྲིད་པའི་སྙིང་སྟོབས་དང་། རྟ་ཕོ་ཁྲི་ཕྲག་མཉམ་དུ་རྒྱུག་པའི་མཐུན་སྒྲིལ། རྒྱལ་ཁ་མྱུར་དུ་ལེན་པའི་ཆོད་སེམས་བཅས་ལ་བརྟེན་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ཏེ་ཁ་གཏད་བཅག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།