དབྱི་སི་རལ་གྱིས་ཅོར་ཏན་གཙང་པོའི་ནུབ་ངོགས་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་ཡོ་རོབ་མནའ་འབྲེལ་གྱིས་རྒོལ་གཏམ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་མགྲིན་ཚབ་པས་དབྱི་སི་རལ་གྱིས་ཉེ་ཆར་བཏོན་པའི་ཅོར་ཏན་གཙང་པོའི་ནུབ་ངོགས་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གཞིས་ཆགས་ཁུལ་རྒྱ་སྐྱེད་གཏོང་བར“ལམ་འདིང་བའི”བྱ་ཐབས་གསར་པར་རྒོལ་གཏམ་བཏང་བ་རེད།
ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་མགྲིན་ཚབ་པ་ཨ་ནུའུ་ཝར·ཨེར·ཨ་ནུའུ་ཉི་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུར་ཡོ་རོབ་མནའ་འབྲེལ་གྱིས་ཉེ་ཆར་དབྱི་སི་རལ་བདེ་འཇགས་ནང་བློན་ཁང་གིས་ཅོར་ཏན་གཙང་པོའི་ནུབ་ངོགས་ལ་ཚོད་འཛིན་རྒྱ་ཆེར་གཏོང་རྒྱུའི་གཏན་འབེབས་བྱས་པ་དེ་ནི“ནོར་འཁྲུལ་གྱི་ལམ་ལ་སླར་ཡང་བསྐྱོད་པ་ཞིག་རེད”ཅེས་དབྱི་སི་རལ་ལ་རྒོལ་གཏམ་བཏང་ཡོད་ཅེས་བརྗོད།
ཚེས་8ཉིན་དབྱི་སི་རལ་གྱི་སྨྱན་སྦྱོར་མང་པོ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཁ་ཚི་དང་ནོར་སྲིད་པུའུ་ཡི་པུའུ་ཀྲང་སི་མོ་ཐེ་ལི་ཧོ་ཡིས་བདེ་འཇགས་ནང་བློན་ཁང་གིས་བྱེད་ཐབས་རབ་དང་རིམ་པར་ཆོག་མཆན་སྤྲད་པའི་དམིགས་ཡུལ་ནི་ཡ་ཧུ་དཱ་པ་གཞིས་ཆགས་མཁན་གྱིས་ཅོར་ཏན་གཙང་པོའི་ནུབ་ངོགས་ནས་ས་ཆ་ཉོ་བའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་ཆེད་ཡིན་པ་དང་། དེའི་ནང་ཅོར་ཏན་གྱིས་ཅོར་ཏན་གཙང་པོའི་ནུབ་ངོགས་ཚོད་འཛིན་བྱེད་རིང་བསྒྲགས་པའི“མུའུ་སི་ལིན་མིན་པར་ས་ཆ་བཙོང་མི་ཆོག་པའི”བཀའ་ཁྲིམས་མེད་པ་བཟོ་བ་དང་། དམངས་སྲིད་དོ་དམ་སྡེ་ཚན་གྱིས་སྤྲད་པའི་དམིགས་བསལ་ཉོ་ཚོང་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་བ་སོགས་ཚུད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།