ཧྲང་ཧའེ་ཡི་དམངས་ཕན་སྤྱི་ཤག ཞུང་ཨན་གྱི་གྲོང་ཁྱེར་འཕོ་འགྱུར།
ཟླ་2ཚེས་8ཉིན། ཧྲང་ཧའེ་ཅིང་ཨན་གྱི་སྤྱི་ཤག་ཞིག་ནང་སྡོད་མཁན་ཧྲན་ཏུང་ཧོ་ཙེ་ནས་ཡིན་པའི་མངག་ཚོང་སྐྱེལ་མཁན་ཧྲེན་ཀྲོང་ཆི་ཡིས་ཧྲང་ཧའེ་རུ་ལས་ཀ་བྱས་ནས་ལོ་གསུམ་སོང་། ཁོང་གིས་གསར་འགོད་པ་མཐོང་མ་ཐག“འདི་ནས་རང་ཉིད་ལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཚོར་བྱུང” མི་བཞིར་ཁང་མིག་གཅིག་དང་། ཁྱིམ་ཆས་ཆ་ཚང་ལ་ཆུ་ཚོད་24ཚང་མར་ཆུ་ཚ་པོ་ཡོད་པ་མ་ཟད། གཅིག་ཐོག་ལ་ད་དུང་་ཐའེ་ཆིའུ་སྤོ་ལོའི་སྒྲོག་ཙེ་དང་། གློག་བརྙན་ཁང་། ལུས་སྦྱོང་ཁང་བཅས་ཀྱང་ཡོད་ཅེས་བཤད།
“ཁང་གླ་ག་ཚོད་རེད་དམ”ཞེས་གསར་འགོད་པས་དྲིས་པར།
“ཟླ་བ་རེར་སྒོར་900རེད། ཅིང་ཨན་ཆུས་ཀྱི་ས་ཆ་ཡག་པོ་འདིར་གལ་སྲིད‘སྲིད་གཞུང་གི་སྤྱི་ཤག’བརྒྱབ་མེད་ཚེ་ཁང་གླ་གོང་ཁེ་པོ་དེ་འདྲ་ག་ནས་རག་སྲིད”ཅེས་ཕོ་གཞོན་དེས་བློ་ཡིད་ཚིམ་བཞིན་བཤད།
ཁང་མིག་196དང་ཉལ་ཁྲི་1310ཡོད་པའི་སྤྱི་ཤག་འདིར་མངག་ཚོང་སྐྱེལ་མཁན་དང་། མྱུར་སྐྱེལ་པ། གསོལ་མགྲོན་ཁང་གི་ཞབས་ཞུ་བ་སོགས་སྡོད་ཀྱི་ཡོད། སྤྱི་ཤག་འདིར་ཚང་མས“དུས་རབས་གསར་པའི་གྲོང་ཁྱེར་གྱི་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ”ཞེས་འབོད་ཅིང་། ཧྲང་ཧའེ་ཡི་ཆུས་ཁག་ཏུ་བརྒྱབ་ཡོད།
ཕྱི་ནས་གླ་པར་ཡོང་མཁན་གྱིས་ཀྱང་ཧྲང་ཧའེ་ལ་ལེགས་སྐྱེས་འབུལ་གྱི་ཡོད་པས་ཁོང་ཚོ་ཡང་གྲོང་ཁྱེར་གྱི་བདག་པོ་རེད།
སྡོད་སའི་ཁང་པ་ཡོད་ལ་སེམས་པ་ཆགས་ས་ཡང་ཡོད་ཅིང་། གྲོང་ཁྱེར་ཆེ་གྲས་ཧྲང་ཧའེ་ཡིས་ཉེ་བའི་ལོ་ཤས་རིང“ཉལ་ཁྲི་གཅིག་དང་། ཁང་མིག་གཅིག སྡོད་ཁང་གཅིག”བཅས་རིམ་མང་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མ་ལག་བསྐྲུན་ཏེ། རིམ་རྩིས་བརྒྱབ་ན་སྡོད་ཁང(ཁང་མིག)ཁྲི་61བརྒྱབ་ནས་གྲོང་མི་གསར་པ་དང་གཞོན་ནུ་དེ་བས་མང་བའི་བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱུང་ཡོད་པ་རེད།
ཤུས་ཧུའེ་ཆུས་ཚའོ་ཤིས་སན་གྲོང་ཚོར་གསར་འགོད་པར་ལོ་70ལ་སླེབས་པའི་ཡན་ཝུའེ་མིང་འཕྲད། ཁོང་གིས། ན་ནིང་ཁང་པ་གསར་པར་སྤོས་པ་ཡིན། ཁང་པ་ཆེན་པོ་མེད་རུང་ཐབ་ཚང་དང་གསང་སྤྱོད་ཆ་ཚང་བས“ལོ་གསར་འདི་གར་གཏོང་མཁན་ཡིན། ཆེ་ཆུང་དེ་ང་གཉིས་བཟའ་ཚོ་ལ་ཏག་ཏག་རེད་འདུག གཙོ་བོ་དེར་གསང་སྤྱོད་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།
མཚན་ལ་ཆབ་ཏོག་ཉར་རྒྱུ་དེ་ཧྲང་ཧའེ་ཡི་གྲོང་མི་ཁག་གཅིག་གི་ལོ་མང་གི་དཀའ་གནད་ཅིག་རེད།
ལོ་30ལྷག་ཙམ་གྱི་མཆོང་སྐྱོད་བརྒྱུད་2025ལོའི་ཟླ་9པར་དུད་ཚང་ཁྲི་1.4ལྷག་ཙམ་གྱི་སྒྱུར་བཀོད་ལས་འགན་སྔ་སྣུར་ནས་ལེགས་གྲུབ་བྱུང་ནས་ཧྲང་ཧའེ་ཡི་གྲོང་མིས་མཚན་ལ་ཆབ་ཏོག་ཉར་བའི་དཀའ་གནད་ཐག་གཅོད་བྱུང་སྟེ་དེང་རབས་ཅན་དུ་སྐྱོད་འགོ་ཚུགས།
ཧྲང་ཧའེ་ནས་གནམ་གྲུར་བསྡད་པ་དང་དེ་རྗེས་མྱུར་བགྲོད་མེ་འཁོར་བསྡད་ཚེ་ཉིན་ཕྱེད་ཀྱང་མ་འགོར་བར་ཞུང་ཨན་དུ་འབྱོར་ཞིང་། དེ་གར་གསར་འགོད་པས“ས་ཆ་ཞིག་ནས་ཇུས་འགོད་ཀྱི་དཔེ་རིས་ཤིག་དང་། དེ་ནས་གྲོང་ཁྱེར་ཞིག་ནས་དེང་རབས་ཅན་གྱི་གྲོང་ཁྱེར་བར་གྱི་འཕོ་འགྱུར”གསལ་པོ་མཐོང་བྱུང་།
“ས་གཞི་ཆེན་པོ་འདིར”ལོ་ངོ་སྟོང་གི་གྲོང་ཁྱེར་བསྐྲུན་པ་དེ་གཙོ་བོ་ཇུས་འགོད་ཀྱི་དཔེ་རིས་ཤིག་ལས་བྱུང་བ་དང་། “ས་ཆ་ཚང་མ་འཆར་འགོད་ཡག་པོ་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འཆར་འགོད་འདི་ལས“གཟིགས་རྒྱང་རང་བཞིན་དང་སྣེ་ཁྲིད་རང་བཞིན་གང་ལེགས་མངོན་ཡོད”
ཞུང་ཨན་ཁུལ་གསར་འཆར་འགོད་འགྲེམས་སྟོན་ལྟེ་གནས་ཀྱི་འཆར་འགོད་རི་མོ་མང་པོ་ཞིག་ཁུལ་ཡོངས་འཆར་འགོད་ཀྱི་བྱེ་གཞོང་ལྟ་བུ་ཡིན་ཞིང་། འགྲེལ་བཤད་རྒྱག་མཁན་ཝང་ཤིས་ཀྱིས་ལྟད་མོ་བ་ཚོར་ས་གཞི་དེ་ལས་འཕྲོས་པའི་འཛུགས་སྐྲུན་བསམ་བློར་འགྲེལ་བཤད་ཞིབ་ཕྲ་རྒྱག་བཞིན་མཆིས།
ཞུང་ཨན་གྱི“ས་སྟེང་གི་གྲོང་ཁྱེར”ལ་བལྟས་ཚེ་སྔོན་ལ་ལྗོན་ཤིང་བཙུགས་པ་དང་དེ་རྗེས་གྲོང་ཁྱེར་བསྐྲུན་པས་ཞུང་ཨན་དུ་སྐྱོད་སྐབས་གང་སར་སྔོ་ལྗང་མཛེས་ལྗོངས་ཀྱིས་རབ་ཏུ་བརྒྱན་ཡོད།
ཞུང་ཨན་གྱི“ས་འོག་གྲོང་ཁྱེར”ལ་བལྟས་ཚེ། ཞུང་ཨན་གྱི་གྲོང་ཁུལ་དུ་གློག་སྐུད་མཐོང་རྒྱུ་མེད་པ་མ་ཟད། གྲོང་འདབས་སུའང་གློག་ཤིང་མཐོང་རྒྱུ་མེད། གློག་ཤུགས་དང་། འཕྲིན་གཏོང་། ཚ་ཤུགས། འབར་རླངས། ཆུ་ཀ་ལ་བཅས་ཚང་མ་ས་འོག་མདོང་ལམ་དུ་ཁྲིད་པས་མདོང་ལམ་སྤྱི་ལེ་1000ལྷག་ཙམ་ཟིན་ཡོད་པ་རེད།
དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། “ལོ་ལྔ་ཚན་བཅོ་ལྔ་པར”སླེབས་སྐབས་ཧྲང་ཧའེ་དང་ཞུང་ཨན་གྱི་གྲོང་ཁྱེར་གསར་རྙིང་གཉིས་སུ“མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཆེད་མི་དམངས་གྲོང་ཁྱེར་བསྐྲུན”ནས་ཁྱིམ་ཚང་ཆུང་ངུའི་དྲོ་སྐྱིད་དང་ཁྱིམ་ཚང་ཆེན་པོའི་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་གང་ལེགས་མངོན་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།