དགའ་སྤྲོ་ཆེན་པོས་ཏང་གི་བཀའ་དྲིན་གླེང་། བགོ་འགྲེམས་བརྒྱབ་ནས་ལོ་གསར་དགའ་གཏོང་བྱེད།

འདི་ནི་བགོ་འགྲེམས་བརྒྱབ་པའི་ཉིན་དེར། གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གི་ཏང་ཡོན་ལས་བྱེད་པས་གནས་གྲོང་ཚོའི་མང་ཚོགས་ལ་ཁ་བཏགས་གཡོགས་ནས་སྨོན་འདུན་ཞུ་བཞིན་པ།

འདི་ནི་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་བགོ་འགྲེམས་རྒྱག་བྱའི་དངོས་པོ་ཡིན་པ།

འདི་ནི་བགོ་འགྲེམས་བརྒྱབ་པའི་ཉིན་དེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་མང་ཚོགས་ཀྱིས་མཉམ་དུ་སོ་ནམ་ལོ་གསར་གཏོང་བཞིན་པ།
གླུ་སྒྲའི་ཁྲོད་དུ་ལོ་གསར་བཏང་། བགོ་འགྲེམས་བརྒྱབ་ནས་དྲོ་སྐྱིད་ཚོར། གཞིས་རྩེའི་སོ་ནམ་ལོ་གསར་རིང་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོས་འབྲས་དང་། གྲོ་ཞིབ། དེ་བཞིན་བོད་བཟོའི་ཟངས་ཆས་སོགས་དངོས་ཟོག་སྤྲད་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་10ལ་བགོ་འགྲེམས་བརྒྱབ་པ་རེད། ཚང་མས་གླུ་ལེན་གར་འཁྲབ་བྱས་ནས་ས་ཡོམ་རིམ་པ་6.8བརྒྱབ་རྗེས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྡོད་ཁང་གསར་པར་སྤོས་པའི་ལོ་གསར་དང་པོ་དེ་མཉམ་དུ་དགའ་གཏོང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།