དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་ཧུའུ་ལུའུ་གླིང་ཕྲན་གྱི་ཞུས་ཏཱ་པའོ་ཉིང་གློག་འཕྲུལ་ཚན་སྒྲིག་སྦྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-13

    ཉེ་ཆར། ལེའོ་ཉིང་ཧུའུ་ལུའུ་གླིང་ཕྲན་གྱི་ཞུས་ཏཱ་པའོ་ཉིང་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་དང་པོ་སྒྲིག་སྦྱོར་བྱས་པ་ལས། འཕྲུལ་ཚན་འཛུགས་སྐྲུན་རྣམ་གྲངས་དེ་ས་ཕག་ཨར་ལས་ནས་སྒྲིག་སྦྱོར་དུས་མཚམས་སུ་ཕྱོགས་ཡོངས་ནས་བསླེབས་པ་མཚོན་ཡོད།

    ཞུས་ཏཱ་པའོ་ཉིང་གློག་རྣམ་གྲངས་ཀྱིས་ཆན་ཝ་ཁྲི་བརྒྱ་རིམ་པའི་ཆུ་གནོན་སྤུང་གསོག་གི་ཉིང་གློག་འཕྲུལ་ཚན་6བསྐྲུན་རྒྱུའི་འཆར་གཞི་བཀོད་་ཡོད་པ་དང་། སྡེབ་གཅིག་ལ་འཆར་འགོད་བྱས་རྗེས་དུས་ཐེངས་བགོས་ནས་འཛུགས་སྐྲུན་བྱ་རྒྱུ་དང་། སྤྱིའི་གློག་འདོན་ཤུགས་ཆན་ཝ་ཁྲི་760ལྷག་ཙམ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་1400ཟིན་རྒྱུ་རེད། རྣམ་གྲངས་ཁྱོན་ཡོངས་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས། ལོ་ལྟར་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་540ཙམ་མཁོ་འདོན་ཐུབ་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་1920གྲོན་ཆུང་ཐུབ་སྟེ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་5670ཉུང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།