དབུ་ཤོག
  • ཉང་ཆུ་གཙང་པོའི་ངོགས་སུ་དཔྱིད་དཔལ་བཞད། ཁམ་བུའི་མེ་ཏོག་གྲོང་ཚོའི་རྣམ་པ་གསར།

    —— རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་སྐོར་གྱི་རིམ་སྤེལ་སྒྲིལ་གླེང་དྲུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-13

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོས་ཏང་གི་མཐའ་དར་དམངས་ཕྱུག་སྲིད་ཇུས་བཟང་པོ་ལོངས་སྤྱོད་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངཌ་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ལས་དོན་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངཌ་བཅོལ་ཟབ་མོ་དེ་ཕ་ཡུལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཕ་ཡུལ་འཕེལ་རྒྱས་གཏོང་བ། དར་རྒྱས་དང་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུཌ་སྐྲུན་བཅས་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་ཡོད། སྔོན་ཆད་ཆ་འཕྲིན་གསང་པོ་མེད་པ་དང་དབུལ་ཕོངས་ཀྱི་རི་གྲོང་ཆུང་ཆུང་དེ་ད་ཆ་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གནས་འཕྲོད། གྲོང་སྲོལ་ཡ་རབབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་བདེ་སྐྱིད་ལྡན་པའི“ཁམ་བུའི་མེ་ཏོག་གྲོང་ཚོར”གྱུར་ནས་གངས་ལྗོངས་ས་མཐོར་གྲོང་གསེབ་ཕྱོཌ་ཡོངས་ནས་དར་རྒྱས་གཏོང་བའི་མི་སེམས་འགུལ་བའི་རྒྱུཌ་ལན་ཞིག་ཕུལ་ཡོད།

    དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་བཏིང་བ།

    དེ་སྔ་ཀ་ལ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། གྲོང་ཚོའི་འགྲོ་ལམ་འབར་འབུར་ཡིན་པ། མི་ཕྱུགས་མཉམ་སྡོད་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཡིན་པ། ཁོར་ཡུག་གཙང་སྦྲ་བཙོག་ཟིང་ཞན་གསུམ་ཡིན་ཞིང་། “ཁམ་བུའི་མེ་ཏོག་གི་དཔལ་འབྱོར”ད་དུང་ཐོག་མའི“སྒོ་འཛིན་དཔལ་འབྱོར”དུས་མཚམས་སུ་གནས་པས། མེ་ཏོག་བཞད་དུས་མ་གཏོགས་ཡོང་མཁན་མེད་པའི་དཀའ་གནས་སུ་གྱར་ཏེ་ཡུལ་མིའི་འབབ་ཁུངས་སྣ་གཅིག་ལས་མེད་པ་དང་། གཙོ་བོ་སྲོལ་རྒྱུན་གྱི་འདེབས་འཛུགས་དང་། ཕྱུགས་འཚོ་བ། སྲིད་གཞུང་གི་ཁ་གསབ་བཅས་ལ་བརྟེན་དགོས་ཀྱི་ཡོད།

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀ་ལ་གྲོང་ཚོར་ཕེབས་སྐབས་ཐུགས་ཁུར་ཟབ་མོས“ཏང་ཀྲུང་དབྱང་གིས་བོད་ལྗོངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་མངགས་བཅོལ་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་དག་ས་གཞི་འདིའི་སྟེང་དོན་འཁྱོལ་བྱས་ཏེ་ཡུལ་མི་ཚོའི་སྦ་ཁུག་དངུལ་གྱིས་ཁེངས་པ་དང་ངོ་གདོང་ལས་འཛུམ་མདངས་འཕྱུར་ཞིང་། ཀ་ལ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་དོར་ནས། ཡུལ་མིའི་སྣེ་ཁྲིད་དེ་ལས་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ་དང་འབད་བརྩོན་ཆེན་པོས་བྱ་གཞག་དར་རྒྱས་བཏང་སྟེ་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་རིམ་བཞིན་མངོན་འགྱུར་བྱུང་ཡོད།

    ད་ཆ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་སྐུལ་ཁྲིད་འོག གྲོང་ཚོ་ཡོངས་ཀྱིས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱས་ནས་གྲོང་ཚོ་མཉམ་སྡེབ་ཀྱི་ཡུལ་སྐོར་མཉམ་ལས་ཁང་བཙུགས་ཏེ་ཚད་གཞི་གཅིག་གྱུར་དང་། གསོ་སྦྱོང་གཅིག་གྱུར། ཚོང་གཉེར་གཅིག་གྱུར་བཅས་བྱས་ནས“ཁམ་བུའི་མེ་ཏོག་དཔལ་འབྱོར”དང་། གྲོང་གསེབ་ཀྱི་ཡུལ་སྐོར་དང་འཐུ་བསྡུ་ལྡུམ་རའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། སྐྱེལ་འདྲེན་རུ་ཁག་བཙུགས་ནས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བཞིན་ཡོད།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་ཀ་ལ་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1542ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་863.8ཟིན་པ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.43ཟིན་ཡོད།

    དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་མཐུན་སྒྲིལ་གྱི་སེམས་སྦྲེལ་ཟམ་པ་བརྟན་དུ་གཏོང་བ།

    2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་རྟོག་ཞིབ་གནང་སྐབས“འདི་གར་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་རེད”ཅེས་གསུངས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀ་ལ་གྲོང་ཚོས་རེ་སྒུག་དེ་ཆུད་ཟོས་སུ་མི་གཏོང་བར་ཁམ་བུའི་མེ་ཏོག་མཚམས་སྦྱོར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ཞིང་ས་གཤིན་པོར་བརྩོན་ཞིབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བར་བྱས་པས“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”སོགས་རྒྱལ་ཁབ་རིམ་པའི་མཚན་སྙན་ཁག་9དང་། རང་སྐྱོང་ལྗོངས་རིམ་པའི་མཚན་སྙན་ཁག་12 གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་མཚན་སྙན་ཁག་100ལྷག་ཙམ་སྔ་རྗེས་སུ་ཐོབ་ཡོད།

    གྲོང་ཚོར་ཚོང་གཉེར་ལ་ཡོང་བའི་ཕྱི་མིར་དམིགས་ནས། ཀ་ལ་གྲོང་ཚོས་བོགས་གླ་དམའ་རུ་གཏོང་བ་སོགས་ཀྱི་བྱེད་སྟངས་བརྒྱུད། ཁོང་ཚོ་གང་མགྱོགས་ས་གནས་དེ་གར་མཉམ་འདྲེས་ཐུབ་པར་སྟབས་བདེ་བསྐྲུན་པས། ཚང་མས་ཕན་ཚུན་ལྟ་སྐྱོང་དང་ཕན་ཚུན་རོགས་རམ་བྱེད་པའི་ཁྲོད“ང་ཚོ་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པའི”དྲོ་སྐྱིད་ལྡན་པའི་ལེའུ་བརྩམས་ཡོད།

    གྲོང་ཚོའི“མཐུན་སྒྲིལ་སྙན་དབྱངས”ཞེས་པའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་འགྲེམས་སྟོན་ཁང་དུ་ལྟ་སྐོར་བར“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་པའི”མཐུན་སྒྲིལ་འབད་འབུངས་ཀྱི་གཏམ་རྒྱུད་བརྗོད་ནས་སྔར་བས་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲི་གསར་པ་མཉམ་དུ་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    “ཁམ་བུའི་མེ་ཏོག་ལྡུམ་རའི”སེ་འབྲུའི་མེ་ཏོག་དང་སྟར་སྡོང་འོག་གི་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཐུན་སྒྲིལ་གྱི་རྣམ་པ་འདི་འདྲ་ཀ་ལ་གྲོང་ཚོའི་མངོན་གསལ་དོད་ཤོས་ཀྱི་མཚོན་རྟགས་སུ་གྱུར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་དངོས་སྒྲུབ་ཁྲོད་དེ་བས་བཀྲག་མདངས་ལྡན་པར་བཞད་ཡོད།

    སྤྱོད་ཚུལ་བཟང་པོར་བརྟེན་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པ་གཏོད་པ།

    “བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”དེ་ནི་ཀ་ལ་གྲོང་ཚོའི་ཡུལ་མིས་རང་ཉིད་ཀྱི་མྱོང་བ་དངོས་ཚོར་བའི་བདེན་དོན་ཞིག་ཡིན་ལ། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱ་སྤྱོད་ཀྱི་གཞི་འཛིན་ས་ཞིག་དེ་བས་ཀྱང་རེད།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས། “སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་མེད་ན་ཀ་ལ་གྲོང་ཚོའི་དེང་གི་རྣམ་པ་ཡོང་མི་སྲིད་པ་ང་ཚོས་གསལ་པོར་ཤེས་ཀྱི་ཡོད། ང་ཚོ་ཡུལ་མི་ཚང་མས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཏེ་དེ་བས་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས‘ཁམ་བུའི་མེ་ཏོག་ལྡུམ་ར’སྲུང་སྐྱོང་བྱེད་པ་དང‘བདེ་སྐྱིད་ལྡན་པའི་གྲོང་ཚོ’སྐྲུན་དགོས”གྲོང་ཚོ་ཡོངས་ཀྱི་གོང་འོག་ཚང་མས་དྲིན་ཚོར་གྱི་བསམ་པ་བཅངས་ནས་ལྷག་བསམ་ཟོལ་མེད་ཀྱི་བྱ་སྤྱོད་ལག་ལེན་བསྟར་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བྱམས་སྐྱོང་ཟབ་མོ་དག་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས།

    “2025ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འཕྲལ་མར་གྲོང་ཚོར་ཕེབས་ནས་འཕྲིན་ལན་དེ་གྲོང་ཚོའི‘ཨུ་ལྷན་གཉིས’ལ་སྒམ་ནན་ངང་སྤྲད་གནང་བ་རེད།

    འཕྲིན་ལན་འབྱོར་རྗེས། ཀ་ལ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་འཕྲལ་དུ་ཏང་ཡོན་དང་དྲ་མིག་པའི་དྲིལ་བསྒྲགས་རུ་ཁག་བཙུགས་ཏེ། སྒྲོག་འགྲེལ་སློབ་ཁང་ཁམ་བུའི་མེ་ཏོག་གི་ནགས་གསེབ་དང་། ཞིང་ནང་དང་མུ་ཁ། ཞིང་ཁྱིམ་གྱི་སྒོ་ར་བཅས་སུ་སྤོས་ནས་ཏང་གཤིས་སློབ་གསོའི་སློབ་ཁང་བཙུགས་པ་དང་གསར་བརྗེའི་ཞིབ་འཇུག་སློབ་ཁང་གི་འགྲེམས་སྟོན་ཁང་ལ་བརྟེན་ནས་ཡུལ་མི་དང་ཡུལ་སྐོར་བར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་གཏམ་རྒྱུད་བརྗོད་ཀྱི་ཡོད།

    ད་ཆ་ཡུལ་མི་རང་ཉིད་ཀྱིས་ཟབ་སྦྱོང་མཐིལ་རྟོགས་དང་ཉམས་ལེན་འབད་སྒྲུབ་བྱེད་པ་ཙམ་མ་ཟད། དེ་བས་རང་འགུལ་ངང“དྲིལ་བསྒྲགས་པ”དང“ལག་བསྟར་པ”ཡག་པོ་བྱས་ཏེ། གསལ་འགྲེལ་དང་། སྤེལ་རེས། ཞབས་ཞུ་བཅས་བྱེད་ཐེངས་རེར་བབ་ཆགས་པའི་སྐད་ཆ་དང་། གསོན་ཉམས་དོད་པའི་དཔེ་མཚོན། མཐོང་ཐུབ་པའི་འགྱུར་ལྡོག་བཅས་ལ་བརྟེན་ནས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་དང་ཉེ་འཁོར་གྲོང་ཚོ་དང་གྲོང་རྡལ་གྱི་མང་ཚོགས་ལ་གནས་འདིའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་དང་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་མཉམ་སྤྱོད་བྱས་པ་མ་ཟད། “གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པའི”དད་སེམས་ཀ་ལ་གྲོང་ཚོ་ནས་གྲགས་པ་དང་ཕྱོགས་བཞིར་ཁྱབ་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་མང་ཚོགས་དེ་བས་མང་བས་མཉམ་དུ་འབད་འབུངས་དང་བདེ་སྐྱིད་མཉམ་སྤྱོད་བྱེད་པར་སྐུལ་ཁྲིད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དུ་བསྒྱུར་ཡོད།

    འགོ་འཛུགས་ས་གསར་པའི་ཐོག་གི་ས་ཆ་འདིའི་ལས་བྱེད་པ་དང་མང་ཚོགས་ཚོས་མུ་མཐུད་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། “དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ”དམིགས་ཡུལ་དུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་རང་འཁྲིར་བརྩི་བ།“གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པ”དད་སེམས་སུ་བརྩི་བ་བཅས་བྱས་ནས་ཏན་ཏན་ཏིག་ཏིག་དང་འབད་འབུངས་མདུན་སྐྱོད་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལམ་བུའི་ཐོག་དེ་བས་བཀྲག་མདངས་འཚེར་བའི་འོད་སྟོང་འཕྲོ་བར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྤེན་པ།

འབྲེལ་ཡོད་གསར་འགྱུར།