ཆང་རག་བཏུངས་རྗེས་འདི་དག་མཆོད་དང་། གཟུགས་པོར་ཕན་ཐོགས་ཆེན་པོ་འདུག
དུས་ཆེན་རིང་ནང་མི་སྤུན་མཆེད་དང་ལྷན་འཛོམས་གནང་སྐབས་ཕན་ཚུན་ཆང་རག་འགྱོག་རེས་བྱས་ནས་དགའ་སྤྲོའི་དཔལ་ལ་རོལ་གྱི་ཡོད། ཡིན་ནའང་ཆང་རག་བཏུངས་རྗེས་ཀྱི་ཉིན་གཉིས་པར་མི་མང་པོ་ཞིག་ལ་ལུས་པོ་བདེ་པོ་མེད་པའི་ཚོར་སྣང་ཡོང་གི་ཡོད། གཤམ་ལ་རྩོམ་སྒྲིག་པས་ཐབས་ཤེས་ཁ་ཤས་ངོ་སྤྲོད་ཞུ་རྒྱུ་ཡིན་པས། གལ་ཏེ་ཁྱེད་ཀྱིས་འདི་ལྟར་གནང་ན། ལུས་པོ་བདེ་རུ་འགྲོ་སྲིད།
སྦྲང་རྩི།
ཆུ་དྲོ་འཇམ་ལ་སྦྲང་རྩི་ཏོག་ཙམ་བླུགས་ནས་བཏུངས་ན་མགོ་ན་བར་ཕན། གང་ལགས་ཤེ་ན། སྦྲང་རྩིར་དམིགས་བསལ་གྱི་མངར་རྒྱུ་ལྡན་པས། དེས་ལུས་པོའི་ནང་གི་ཨ་རག་ཉིང་ཁུ་བསལ་ནས་མགོ་བོའི་ན་ཟུག་འཇོམས་ཐུབ། གཞན་ཡང་དགོང་མོ་སྦྲང་རྩི་བཏུངས་ན་གཉིད་མགྱོགས་པོ་ཁུག་ཐུབ་ལ་ཉིན་གཉིས་པར་མགོ་བོ་ན་མི་སྲིད།
ཞོ།
ཆང་རག་བཏུངས་རྗེས་ཞོ་འཐུང་དགོས། ལྷག་པར་དུ་ཨ་རག་དཀར་པོ་བཏུངས་རྗེས་ཞོ་འཐུང་དགོས། འདི་ལྟར་གནང་ན་ཕོ་བར་སྲུང་སྐྱོབ་ཐུབ་ཀྱི་ཡོད། ཞོ་ལ་ད་དུང་འཚོ་བཅུད་ཀལ་མང་པོ་འདུས་ཡོད་པས། དེས་སེམས་པ་རྣལ་དུ་འབེབ་ཐུབ།
ཀྲོ་མ་ཀྲུའི་ཁུ་བ།
ཀྲོ་མ་ཀྲུའི་ཁུ་བར་མངར་རྒྱུ་མང་པོ་འདུས་པ་དེས་ཨ་རག་གི་ཉིང་ཁུ་བསལ་ནས་མགོ་ཡུ་འཁོར་བ་དང་། ཞེ་མེར་ལངས་པ་འཇོག་ཐུབ།
རྒུན་འབྲུམ།
ར་བཟི་རྗེས་རྒུན་འབྲུམ་སོས་པ་བཟས་ཚེ་ར་དྭངས་བར་ཕན་ཐོགས་ཡོད་ལ། ཞེ་མེར་ལངས་པ་ཡང་སེལ་ཐུབ། གལ་ཏེ་ཆང་རག་མ་བཏུངས་གོང་རྒུན་འབྲུམ་བཟས་ན། ར་མགྱོགས་པོ་བཟི་གི་མེད།
ཇིན་ཚལ་གྱི་ཁུ་བ།
ཆང་རག་བཏུངས་རྗེས་ཕོ་བ་བདེ་པོ་མེད་ན། ཇིན་ཚལ་གྱི་ཁུ་བ་འཐུང་དགོས། གང་ཡིན་ཟེར་ན། ཇིན་ཚལ་ལ་འཚོ་བཅུད་Bམང་པོ་ཡོད་པས། དེས་ཕོ་བར་སྲུང་སྐྱོབ་བྱེད་ཐུབ། གཞན་ཡང་ཇིན་ཚལ་གྱི་ཁུ་བས་ངོ་གདོང་དམར་པོར་འགྱུར་བ་སེལ་ཐུབ།
ཞི་ཀྭ་ཡི་ཁུ་བ།
ཞི་ཀྭ་ཡི་ཁུ་བ་བཏུངས་ན་ཁོག་པའི་ནང་གི་ཨ་རག་ཉིང་ཁུ་མྱུར་དུ་གཅིན་ལམ་ནས་ཕྱི་རུ་འབུད་ཐུབ། ཞི་ཀྭ་ཡི་ཁུ་བར་ད་དུང་ཁོག་ནང་གི་ཚད་པ་འཇོམས་པའི་ནུས་པ་ལྡན་ཞིང་། དེས་ཆང་རག་ལས་བྱུང་བའི་ལུས་ཀྱི་ཚ་བ་གཅོག་ཐུབ།
འབྲེལ་ཡོད་གསར་འགྱུར།