མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་འཕྲིན་གཏོང་དུམ་བུའི་ལྷ་ས་འཕྲིན་གཏོང་འཁོར་ཁང་གིས།
མཚོ་བོད་ལྕཌ་ལམ་ལམ་རྒྱུད་ཀྱི་བརྙན་ལམ་ལྟ་འདོམས་སྒྲིག་ཆས་ལ་ཞིབ་བཤེར་ཉམས་བཟོ་བྱེད་པ།

འདི་ནི་ཟི་ལིང་འཕྲིན་གཏོང་དུམ་བུའི་ལྷ་ས་འཕྲིན་གཏོང་འཁོར་ཁང་གི་ལས་སྒྲུབ་པས་ལྷ་ས་འབབ་ཚུགས་ཀྱི་བརྙན་ལེན་འཕྲུལ་ཆས་ལ་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ཟི་ལིང་འཕྲིན་གཏོང་དུམ་བུའི་ལྷ་ས་འཕྲིན་གཏོང་འཁོར་ཁང་གིས་སྐར་ཁུང་དུས་མཚམས་སུ། མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་བརྙན་ལམ་ལྟ་འདོམས་སྒྲིག་ཆས་ལ་གཅིག་སྡུད་ཐོག་ཞིབ་བཤེར་ཉམས་བཟོ་བྱས་ནས་ས་མཐོའི་ལྕགས་ལམ་གྱི“རྒྱང་ཤེལ”གཙང་མ་ཕྱིས་ཏེ་དཔྱིད་གསར་སྐྱེལ་འདྲེན་རིང་མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་དང་འགྲུལ་པ་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་ཐུབ་རྒྱུར་འཕྲིན་གཏོང་གི་འགན་ལེན་ནུས་པ་བརྟན་དུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་འཕྲིན་གཏོང་འཁོར་ཁང་གིས་མཚོ་བོད་ལྕགས་ལམ་གྱི་སྤྱི་ལེ་626ཟིན་པའི་ལྕགས་ལམ་ཁྱབ་ཁོངས་ནང་གི་འབབ་ཚུགས་28དང་། སྦྲེལ་ཚུགས་41 ཐད་གཏོང་ས་ཚིགས་73བཅས་ཀྱི་འཕྲིན་གཏོང་འཁོར་ཁང་གི་སྒྲིག་ཆས་དང་དེ་བཞིན་འཕྲིན་གཏོང་འོད་སྐུད་ཁག་2ཀྱི་རྒྱུན་གཏན་གྱི་སྲུང་སྐྱོང་ལས་འགན་ལྕི་པོ་འཁུར་ཡོད་པ་རེད། མཚོ་བོད་ལམ་ཐིག་དང་། ལྷ་གཞིས་ལམ་ཐིག ལྷ་ཉིང་ལམ་ཐིག་བཅས་འབྲེལ་མཚམས་ཀྱི་ལྟེ་བའི་འབབ་ཚུགས་ཤིག་ཡིན་པའི་ལྷ་ས་འབབ་ཚུགས་ཀྱིས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་7000ཟིན་པ་དང་། འབབ་ཚུགས་སུ་བསྒར་བའི་ལྟ་འདོམས་སྒྲིག་ཆས་ཁག་154ནི་འབབ་ཚུགས་ཀྱིས་མེ་འཁོར་རྒྱང་སྦྲེལ་བཀོད་གཏོང་དང་འགྲུལ་པ་ཤར་བགྲོད་འགན་ལེན་བྱེད་པའི་འགག་རྩའི“རྒྱང་ཤེལ”ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།