དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤན་རྩ་རྫོང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་རིན་མེད་སྦྲག་བསྐུར་ཞབས་ཞུ་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-12

    2022ལོ་ཚུན་དུ། ཤན་རྩ་རྫོང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱིས་རིན་མེད་སྦྲག་བསྐུར་ཞབས་ཞུ་དེ་དམངས་འཚོའི་བྱ་བ་དངོས་ཀྱི་གཙོ་གནད་རྣམ་གྲངས་ནང་བཅུག་ནས་ཡུལ་དེ་གའི་ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཏན་ཏིག་བཏང་བས། རྒྱ་ཆེའི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ཚད་མཐོའི་ཁས་ལེན་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤན་རྩ་རྫོང་ཁོངས་སུ་ཤང་དང་གྲོང་རྡལ་8དང་གྲོང་ཚོ་ཨུ་ལྷན་63ཡོད་པའི་ནང་80%ཡན་གྱི་གྲོང་ཚོ་ཨུ་ལྷན་དག་རྫོང་གྲོང་དང་བར་ཐག་སྤྱི་ལེ་60ལྷག་ཙམ་ཡོད། རིན་མེད་སྦྲག་བསྐུར་ཞབས་ཞུས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཀྱི“ལག་ཁྱེར་ལེན་དཀའ་བ་དང་ཕར་འགྲོ་ཚུར་འོང་མང་པོ་བྱེད་དགོས་པའི”དཀའ་ངལ་དངོས་ཐག་གཅོད་ནུས་ལྡན་ཐུབ་ནས། མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཕྱིན་པ་དང་སྲིད་གཞུང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཏེ་ཤན་རྩ་རྫོང་གི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་གྱུར་ཡོད།

    མིག་སྔར། ཞབས་ཞུ་དེ་རྫོང་ཡོངས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་ཚན་པ་26གི་ཞབས་ཞུའི་དོན་དག་ཁག་35ལ་ཁྱབ་ཡོད། མང་ཚོགས་ལྗོངས་ཕྱི་ནང་གང་དུ་གནས་ཀྱང་འབྲེལ་ཡོད་སྲིད་དོན་ཞབས་ཞུའི་ལས་དོན་གཉེར་རྗེས། ལག་ཁྱེར་ཆོག་འཐུས་དང་། ཞིབ་མཆན་ལག་ཁྱེར། ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་སོགས་སྒྲུབ་གཉེར་བྱས་འབྲས་རིན་མེད་སྦྲག་བསྐུར་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པ་དང“ཐེངས་གཅིག་ལ་གཉེར་ཐུབ་པ་དང་ཁྱིམ་དུ་བསྐུར་བ”མངོན་འགྱུར་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཞབས་ཞུ་དེས་རིམ་རྩིས་བྱས་ན་བསྐུར་མ་900ལྷག་ཙམ་བསྐུར་བའི་ནང་ལྗོངས་ནང་ཁུལ་གྱི་བསྐུར་མ་650ལྷག་ཙམ་དང་ལྗོངས་ཕྱིའི་བསྐུར་མ་250ལྷག་ཙམ་བསྐུར་བར། སྦྲག་བསྐུར་འགྲོ་གྲོན་སྒོར་ཁྲི་1.7ལྷག་ཙམ་རྩ་ཆག་བཏང་བས། ཞབས་ཞུར་བློ་ཡིད་ཚིམ་ཚད་98%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།