ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ལ་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ།

ཟླ་2ཚེས་9དང་ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་བ་དང་འབྲེལ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ཤར་ཁུལ་གྱི་ལུང་ཧྥུའུ་དགོན་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ། སྤུན་ཟླ་ཨའོ་མོན་བ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་བཞིན་པ།

ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ནུབ་ཁུལ་གྱི་ཁྲོམ་གཞུང་གསར་པའི་ཡབ་ཡུམ་ཟ་ཁང་དུ་དེ་གར་ངལ་གསོ་བཞིན་པའི་མྱུར་སྐྱེལ་ཕོ་གསར་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ཤར་ཁུལ་གྱི་ལུང་ཧྥུའུ་དགོན་ཁྲོམ་གཞུང་དུ་དེ་གར་ཡོད་པའི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་བཞིན་པ།

ཚེས་9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་དབྱི་ཀྲོང་དུ་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གསར་གཏོད་ཐོན་ལས་གླིང་དུ་ཚན་ཞིབ་པ་དང་ཚན་རྩལ་ཁེ་ལས་ཀྱི་འགན་འཁུར་བའི་འཐུས་མི་དང་སྤེལ་རེས་གནང་བཞིན་པ།

ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ཤར་ཁུལ་གྱི་ལུང་ཧྥུའུ་དགོན་ཁྲོམ་གཞུང་དུ་ཡོད་པའི་ཏའོ་ཤང་ཚུན་ཏན་ཞིམ་ཚོང་ཁང་དུ་རྟོག་ཞིབ་གནང་བཞིན་པ།

ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ཤར་ཁུལ་གྱི་ལུང་ཧྥུའུ་དགོན་ཁྲོམ་གཞུང་གི་དཔྱིད་གསར་དུས་ཆེན་གྱི་ཚོང་འདུས་སུ་དེ་གའི་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

ཚེས་9ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་དབྱི་ཀྲོང་དུ་རྒྱལ་ཁབ་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་གསར་གཏོད་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བཞིན་པ།

ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ནུབ་ཁུལ་གྱི“ཝུའུ་ལའོ·ཁྲོམ་གཞུང་གསར་པའི”རྒན་གསོའི་ཞབས་ཞུའི་ཁྲོམ་གཞུང་གི་རྒན་རྒོན་སྤྱི་ཤག་ཏུ་རྒན་རྒོན་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

ཚེས་10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་གྲོང་ཤར་ཁུལ་གྱི་ལུང་ཧྥུའུ་དགོན་ཁྲོམ་གཞུང་གི་དཔྱིད་གསར་དུས་ཆེན་གྱི་ཚོང་འདུས་སུ་དེ་གའི་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།
འབྲེལ་ཡོད་གསར་འགྱུར།