བསྟན་པས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་གྱི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་9ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་དོན་འཁྱོལ་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པའི་ལན་སྤྲོད་བསམ་འཆར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ལས་དོན་གྱི་འཕེལ་རིམ་གནས་ཚུལ་བཀོད་གཏོང་བཅས་བྱས་པ་མ་ཟད། དུས་མཚམས་རྗེས་མའི་དག་ཐེར་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད་པ་རེད།
བསྟན་པས་གསུངས་དོན། ཆེད་དོན་དག་ཐེར་ལས་དོན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་འགག་སྒྲོལ་ཚད་བརྒལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཤིང་། ཁོངས་མིའི་ཚན་པ་ཁག་གིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་སྐོར་ཞིབ་དག་ཐེར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བྱེད་པ་དང་། སྐོར་ཞིབ་དག་ཐེར་གྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྣམ་འགྱུར་བརྟན་པོ་དང་། བྱེད་ཐབས་ནུས་ལྡན། དངོས་སྒྲུབ་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་སྐོར་ཞིབ་ཀྱི་མཇུག་འཕྲོའི་ལས་དོན་ཡག་པོ་བསྒྲུབ་དགོས།
བསྟན་པས་བླང་བྱ་བཏོན་དོན། ཁོངས་མིའི་ཚན་པ་ཁག་གིས་དག་ཐེར་གནད་དོན་ཐག་གཅོད་མཐར་ཕྱིན་བྱས་ནས། ཕན་འབྲས་ཐོན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། དག་ཐེར་ཇུས་གཞིས་གཏན་འཁེལ་བྱས་པའི་དག་ཐེར་བྱེད་ཐབས་དང་། ཞིབ་ཕྲའི་བྱེད་ཐབས། དག་ཐེར་དུས་ཚད་བཅས་དང་དཔེ་བསྡུར་བྱེད་པ། དུས་ཡོལ་གནད་དོན་མི་ཐོན་པ་བཅས་མཐའ་གཅིག་ཏུ་བྱས་ནས། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་ཤུགས་སྣོན་རྒྱག་དགོས། དག་ཐེར་ལས་དོན་གྱི་ཕན་འབྲས་ལ་འགན་ལེན་ཏན་ཏིག་བྱས་ནས་སྐོར་ཞིབ་དག་ཐེར་དང་རིགས་ཁག་གིས་ལྟ་སྐུལ་བྱས་ནས་ཐོན་པའི་གནད་དོན་དག་ཐེར་ལ་སྡེབ་གཅིག་ཇུས་འགོད་དང་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གནད་དོན་ཁག་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་དང་མཐར་ཕྱིན་པ་ཡོང་རྒྱུའི་འགན་ལེན་བྱེད་དགོས། ལྟ་སྐུལ་དང་ཞིབ་བཤེར་ནན་པོ་བྱས་ནས་དག་ཐེར་ལས་དོན་ཕྱོགས་ཡོངས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། དག་ཐེར་བྱེད་ཐབས་དང་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་རྩིས་ཁྲ་ཅན་དང་གསལ་ཐོ་ཅན་གྱི་དོ་དམ་མཐའ་འཁྱོངས་བྱེད་པ། གཟའ་འཁོར་རེ་རེར་འཕེལ་རིམ་ཡོད་པ་དང་ཟླ་བ་རེ་རེར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ། དག་ཐེར་བྱེད་ཤུགས་མི་འདང་བའི་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་དག་ཐེར་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་སྲུང་བྱེད་དགོས།a
འབྲེལ་ཡོད་གསར་འགྱུར།