དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོའི”བཟོ་ཚོང་ལས་རིགས་ཀྱི་བྱེད་སྒོ་ཐོག་མ་ཧིན་རྡུ་ཉི་ཞི་ཡར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-12

    ཉིན་ཤས་གོང་། ཀྲུང་གོའི་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཀྲུང་གོ་ཕྱོགས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་ཚོགས་པས་ཧིན་རྡུ་ཉི་ཞི་ཡའི་གྲོང་ཁྱེར་ཅ་ཁར་ཐ་རུ་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐོག་མ་གཙོ་སྐྱོང་བྱས་པ་རེད། དེ་ནི་APEC“ཀྲུང་གོའི་ལོའི”བཟོ་ཚོང་ལས་རིགས་ཀྱི་བྱེད་སྒོ་གལ་ཆེན་ཐོག་མ་དེ་རེད། APECདཔལ་འབྱོར་དངོས་ཚན་21ནས་ཡོང་བའི་མཐོ་རིམ་དཔོན་རིགས་དང་། བཟོ་ཚོང་བློ་འདྲི་ལས་འཛིན་ལྷན་ཚོགས་ཀྱི་འཐུས་མི། བསྐོ་སྒུག་འཐུས་མི། རིགས་གཅིག་མཁས་ཅན་སོགས་མི་200ལྷག་ཙམ་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།

    ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་སྤྱི་འདོམས་པུའུ་ཀྲང་ཨེར་ལང་ཅ·ཧར་ཐ་ཐུའོ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་བཟོ་ཚོང་ལས་རིགས་ཀྱིས་འགག་རྩའི་ནུས་པ་ཐོན་པར་བསྔགས་བརྗོད་ཆེན་པོ་བྱས་པ་དང་། APEC“ཀྲུང་གོའི་ལོ”ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། ཕྱོགས་ཁག་དང་མཉམ་དུ་ཧྲེན་ཀྲེན་དུ་ལྷན་འཛོམས་ཀྱིས་ལག་གདང་སྦྲེལ་ནས་ས་ཁོངས་ཐུན་མོང་དར་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    ཚོགས་འདུའི་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། གྲངས་འཛིན་གསར་གཏོད། ཕན་ཚུན་སྦྲེལ་མཐུད་བཅས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཞི་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་། དགེ་མཚན་ལྡན་པའི་གྲོས་གཞི་མང་པོ་བཏོན་ཏེ“སྒོ་དབྱེ་དང་། སྦྲེལ་མཐུད། མཐུན་སྦྱོར”བཅས་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱིས་ཁྲོམ་ར་སྒོ་དབྱེ་རྒྱུན་འཁྱོངས་དང་། དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། གསར་གཏོད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་འབོད་སྐུལ་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་སྦྲེལ་མཐུད་ལས་དོན་ཚོགས་ཆུང་སླར་གསོ་བྱེད་རྒྱུའི་གྲོས་འགོ་བཏོན་པར་ཕྱོགས་ཁག་གི་རྒྱབ་སྐྱོར་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།