དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས“ཀན་སུའུ་ནས་ཤར་སྐྱོད་ཀྱིས་སི་ཁྲོན་དུ་འབྱོར་བ་དང་ཤིན་ཅང་ནས་ཐོན་ཏེ་བོད་དུ་འཛུལ་བའི”བགྲོད་ལམ་ཤར་གཏོང་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-12

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཚོགས་པ་ཀུང་སི་དེས་མྱུར་བགྲོད་གཞུང་ལམ་ཤར་གཏོང་གི་ལམ་ཐག་སྤྱི་ལེ་350ཡན་འཕར་བར་བྱས་ནས“ཀན་སུའུ་ནས་ཤར་སྐྱོད་ཀྱིས་སི་ཁྲོན་དུ་འབྱོར་བ་དང་ཤིན་ཅང་ནས་ཐོན་ཏེ་བོད་དུ་འཛུལ་བའི”བགྲོད་ལམ་ཤར་གཏོང་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱ་རྩིས་ཡོད་པ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ལྗང་མདོག་འཕེལ་རྒྱས་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ“ཐཱན་མེད་ཞབས་ཞུའི་ཁུལ”རྒྱུན་མཐུད་འཛུགས་སྐྲུན་བྱེད་པ་དང་། ཞབས་ཞུའི་ཁུལ་གྱི་ཕྱོགས་བསྡུས་ནུས་རྒྱུ་མཁོ་སྤྲོད་སྒྲིག་བཀོད་དང་དེ་བཞིན་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་ལེགས་གཏོང་རིམ་སྤོར་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། 2030ལོར་སླེབས་སྐབས་ཞིང་ཆེན་དེ་ཡོངས་ཀྱི་ཞབས་ཞུའི་ཁུལ་གྱི་གློག་སྡོང་ཡོངས་སུ་ཁྱབ་པར་བྱ་རྒྱུ་ཡིན་ཞིང་། ཁྱད་པར་ཅན་གྱི་གྲོན་དངུལ་བསྡུ་སྟངས་ལེགས་སུ་གཏོང་བ་དང་། གྲོན་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། “ལག་ཐོགས་ཁ་པར+”གཱ་མེད་སྟབས་བདེའི་འགྲོ་སྐྱོད་ཞབས་ཞུ་ཁྱབ་གདལ་གཏོང་བ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་པ།“བདེ་འཇགས་ཤར་སྐྱོད་དང་། བག་ཕེབས་ནུས་ཆེ། ལྗང་མདོག་ཐཱན་ཉུང་། རིག་ལྡན་སྟབས་བདེ”བཅས་ཀྱི་མྱུར་བགྲོད་ལམ་རྒྱུད་ས་ཁོངས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་མ་ཟད། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་མཚོ་སྔོན་པོའི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྐྱེ་ཁམས་ཡུལ་ལྗོངས་ལམ་ཆེན་ཨང་དང་པོ་ཁྱོན་ཡོངས་ནས་བསྐྲུན་རྒྱུ་རེད། མྱུར་བགྲོད་གཞུང་ལམ་དྲ་བ་དང་ཡུལ་སྐོར་ཐོན་ལས་ཕྱོགས་གཉིས་ཀྱི་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་བཏང་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མྱུར་བགྲོད་གཞུང་ལམ་དང་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་ཞབས་ཞུའི་ཁུལ་བསྐྲུན་ནས་ཡུལ་སྐོར་ཐོན་ལས་ཀྱི་ཡོང་འབབ་དང་ཁེ་སྤོགས་ལོ་རེར་ཆ་སྙོམས་འཕར་ཚད་5%ཡན་རྒྱུན་འཁྱོངས་བྱེད་པ་དང་། སྒོར་དུང་ཕྱུར་རིམ་པའི་ཡོང་འབབ་ཞབས་ཞུའི་ཁུལ་2དང་སྒོར་ཁྲི་8000རིམ་པའི་ཡོང་འབབ་ཞབས་ཞུའི་ཁུལ་3བསྐྲུན་རྒྱུ་རེད།

    དུས་མཚུངས་སུ་མྱུར་བགྲོད་གཞུང་ལམ་གྱི་འགྲོ་སྐྱོད་ཞབས་ཞུའི་འགན་སྲུང་བྱེད་ཚད་ཟབ་ཏུ་གཏོང་བ་དང་། “གཉེར་སྐྱོང་ཆེན་པོའི”དོ་དམ་མ་ལག་རྒྱུན་མཐུད་བཟང་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། གཉེར་སྐྱོང་དོ་དམ་ཞབས་ཞུའི་སྤུས་འབྲས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དང་། ཡུལ་སྐོར་ཐོན་ལས་སྒྱུར་བཅོས་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྐྱེ་ཁམས་ཀྱི་བརྗོད་དོན་གཙོ་བོ་དོན་གཉེར་གཏིང་ཟབ་ཀྱིས་ལས་རྣམ་དཔེ་དབྱིབས་རིམ་སྤོར་དང་སྤུས་ལེགས་ཞབས་ཞུ་བྱེད་ཚད་མཐོ་རུ་གཏོང་རྒྱུ་རེད། ཡུལ་བབ་དང་མཐུན་པའི་སྒོ་ནས“འགྲིམ་འགྲུལ+”ནུས་རྒྱུ་དང་། རིག་ལྡན་ཟོག་འགྲུལ། དངུལ་རྩའི་ཐོན་ལས་བཅས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད། གསར་གཏོད་བྱེད་ཐབས་སྤྱད་དེ་སྲོལ་རྒྱུན་གྱི་སྒུལ་ནུས་སྒྱུར་བཀོད་བྱས་ཏེ། འགྲིམ་འགྲུལ་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་ཁ་ཕྱོགས་གཏན་འཁེལ་གྱིས“ཐོན་སློབ་ཞིབ་སྤྱོད”ལས་སྟེགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཐོག་མའི་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྲུབ་འབྲས་སྒྱུར་ཚད་མཐོ་རུ་གཏོང་རྒྱུ་རེད། དམའ་དབྱིངས་དཔལ་འབྱོར་འཚོལ་ཞིབ་བྱས་ནས་འགྲིམ་འགྲུལ་དང་ཡུལ་སྐོར་གྱི་ཁྱབ་ཁོངས་སུ་མི་མེད་གནམ་གྲུ་སོགས་ལག་རྩལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།