དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔྱིད་གསར་སྐྱེལ་འདྲེན་གྱི་གཟའ་འཁོར་དང་པོར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་མི་ཐེངས་དུང་ཕྱུར་14ལྷག་ཙམ་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    ▶ ཟླ་2ཚེས་8ཉིན་ཏེ། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་བདུན་པར་སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་མི་ཐེངས་ཁྲི་22428ཟིན་ནས་ཟླ་གོང་མའི་དུས་མཚུངས་ལས་0.8%འཕར་བ་དང་ན་ནིང་གི་དུས་མཚུངས་ལས་0.8%འཕར་ཡོད། དཔྱིད་གསར་སྐྱེལ་འདྲེན་གྱི་གཟའ་འཁོར་དང་པོར་སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་མི་ཐེངས་ཁྲི་141322.7ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་20189ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་2.0%འཕར་ཡོད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པར། ཟླ་2ཚེས་8ཉིན་ཏེ། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་བདུན་པར་སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་མི་ཐེངས་ཁྲི་22428ཟིན་ནས་ཟླ་གོང་མའི་དུས་མཚུངས་ལས་0.8%འཕར་བ་དང་ན་ནིང་གི་དུས་མཚུངས་ལས་0.8%འཕར་ཡོད། དཔྱིད་གསར་སྐྱེལ་འདྲེན་གྱི་གཟའ་འཁོར་དང་པོར་སྔོན་དཔག་བྱས་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་མི་ཐེངས་ཁྲི་141322.7ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་20189ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་2.0%འཕར་ཡོད།

    སྔོན་དཔག་བྱས་ན་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་8602.3ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1228.9ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་0.2%འཕར་ཡོད། ཆུ་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་489.1ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་69.9ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་14.7%འཕར་ཡོད། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1632.3ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་233.2ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་6.1%འཕར་ཡོད།

    ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་འཁོར་ཁྲིད་ཕྱིར་སྐྱོད་དེ་གཙོ་ཤུགས་སུ་གྱུར་ཡོད། མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མའི་གཉེར་སྐྱོང་རང་བཞིན་མིན་པའི་རླངས་འཁོར་ཆུང་གྲས་བཏང་ནས་ཕྱིར་སྐྱོད་བྱེད་ཚད་དང་གཞུང་ལམ་གྱི་གཉེར་སྐྱོང་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་སོགས་ཚུད་པའི་གཞུང་ལམ་དུ་འགྲུལ་བཞུད་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་130599ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་18657ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་2.1%འཕར་ཡོད། ཏིར་ཏིར་གླ་འཁོར་གྱི་ཕྱིར་སྐྱོད་གྲངས་གཞི་ལས་མངོན་པར། དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་ཚུན་ཏིར་ཏིར་གླ་འཁོར་ཡུལ་གཞན་དུ་སྐྱོད་པའི་དགོས་མཁོ་རྒྱུན་གཏན་ལས་23%འཕར་བ་དང“ཕ་མ་ཕྲུ་གུ་ཡོད་སར་ལོ་གསར་གཏོང་བར་སྐྱོད་པའི”ཚ་རླབས་འཕྱུར་ནས་སྔོན་དཔག་བྱས་ན་དཔྱིད་གསར་དུས་ཆེན་གོང་གི་རིམ་པ་དང་པོའི་གྲོང་ཁྱེར་དུ་བདལ་གཏོང་རླངས་འཁོར་གྱི་དགོས་མཁོ་དུས་མཚུངས་ལས་21%འཕར་རྒྱུ་རེད།

    རླངས་འཁོར་གླས་ནས་ཕྱིར་སྐྱོད་བྱེད་པ་དེ་སྤྱི་དམངས་ཀྱི་འགྲུལ་བཞུད་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། སྔོན་དཔག་བྱས་ན་ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་སུ་ཉིན་རེར་ཆ་སྙོམས་རླངས་འཁོར་གླས་པའི་མངགས་ཐོའི་གྲངས་འབོར་དུས་མཚུངས་ལས་གྲངས་གནས་གཉིས་འཕར་རྒྱུ་རེད། ཧྲེན་ཀྲོའུ་རླངས་འཁོར་བོགས་གཏོང་གི་གྲངས་གཞི་ལས་མངོན་པར། དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་ཚུན། གྲོང་ཁྱེར་སྒྲོལ་བའི་ཕྱིར་སྐྱོད་མངགས་ཐོ་འཕར་ཚད་70%ལས་བརྒལ་བ་དང་ནུས་རྒྱུ་གསར་པའི་རླངས་འཁོར་སྔོན་མངགས་བྱེད་ཚད་དུས་མཚུངས་ལས་ལྡབ་6འཕར་ཡོད།

    སྤྱི་ཡོངས་ནས་བལྟས་ན། དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་རྗེས་འགྲུལ་རྒྱུན་རིམ་བཞིན་ལྟེ་བའི་གྲོང་ཁྱེར་ནས་ཕྱི་ཕྱོགས་སུ་སྐྱོད་པ་དང་། ཟླ་2ཚེས་4ཉིན་ནས་ཚེས་8ཉིན་བར། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་འགྲུལ་རྒྱུན་ཉིན་5བསྟུད་མར་ཟླ་གོང་མ་ལས་འཕར་བ་མ་ཟད་འཕར་ཚད་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ཟླ་2ཚེས་14ཉིན་གྱི་སྔ་རྗེས་སུ་དཔྱིད་གསར་དུས་ཆེན་གོང་གི་འགྲུལ་རྒྱུན་མང་ཤོས་སུ་སླེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།