རང་རྒྱལ་གྱི་རྡོ་སྣུམ་འཛད་སྤྱོད་ཀྱི་གྲུབ་ཆ“བཅོས་སྣུམ་ཆག་པ་དང་རྫས་འགྱུར་སྣུམ་འཕར་བའི”རྣམ་པ་མངོན་པ།
ཕྱོགས་སྒྱུར་གྱི་འཕེལ་ཕྱོགས་དེ་བས་མངོན་གསལ་དོད་པ།
ཉེ་ཆར། 《2025ལོའི་རྒྱལ་ཁབ་ཕྱི་ནང་གི་སྣུམ་རླངས་ལས་རིགས་འཕེལ་རྒྱས་ཀྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་2025ལོར་རང་རྒྱལ་གྱི་འཁོར་སྤྱོད་ནུས་རྒྱུའི་གྲུབ་ཆ་མགྱོགས་མྱུར་ཕྱོགས་སྒྱུར་དང་བཙོ་སྦྱངས་གཞི་གཅིག་ཅན་གྱི་ཐོན་ནུས་ཟམ་མི་ཆད་པར་རིམ་སྤོར་བྱུང་བ་དང་བསྟུན་ནས་རྡོ་སྣུམ་འཛད་སྤྱོད་ཀྱི་གྲུབ་ཆ“བཅོས་སྣུམ་ཆག་པ་དང་རྫས་འགྱུར་སྣུམ་འཕར་བའི”རྣམ་པ་མངོན་ནས་ཕྱོགས་སྒྱུར་གྱི་འཕེལ་ཕྱོགས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
2025ལོར་བཅོས་སྣུམ་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་3%ཙམ་ཆག་པ་དེའི་ནང་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་2.4%དང་4.4%སོ་སོར་ཆག་པ་དང་། མཁའ་འགྲུལ་ས་སྣུམ་འཛད་སྤྱོད་བྱེད་ཚད་དུས་མཚུངས་ལས་2.1%འཕར་བ། རྫས་འགྱུར་བཟོ་ལས་ཀྱི་མ་བཅོས་རྒྱུ་ཆར་སྤྱོད་པའི་སྣུམ་གྱི་དགོས་མཁོ་དེ་རྡོ་སྣུམ་འཛད་སྤྱོད་འཕར་བའི་སྒུལ་ཤུགས་གསར་པར་གྱུར་ནས་དུས་མཚུངས་ལས་8.8%འཕར་ཏེ“རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་ཆག་པ་དང་། མཁའ་འགྲུལ་ས་སྣུམ་འཕར་བ། རྫས་འགྱུར་བཟོ་ལས་ལ་སྤྱོད་པའི་རྡོ་སྣུམ་ཤུགས་ཆེན་འཕར་བ”བཅས་ཀྱི་ཁྱད་ཆོས་མངོན་ཡོད། 2026ལོར་སྔོན་དཔག་བྱས་ན་བཅོས་སྣུམ་གྱི་དགོས་མཁོ་རྒྱུན་མཐུད་ཆག་པའི་རྣམ་པ་མངོན་ནས་ཆག་ཚད་ཅུང་མཐོ་རུ་འགྲོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།