དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྤྱིར་བཏང་གི་འཚོ་བ་ལས་མངོན་པའི་སྐྱིད་སྣང་ཆེན་པོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས” “ཇ་མར་ཚྭ་བུལ་དང་དུས་བཞིའི་ཐུན་གསུམ་ལྟོ་ཆས་ཀྱི་འཚོ་བ་ལས་ཁྱིམ་ཚང་ཆུང་ཆུང་རེ་རེའི་ཚ་སོབ་སོབ་ཀྱི་རྣམ་པ་མངོན་ཚེ་ཀྲུང་གོའི་ཁྱིམ་ཚང་ཆེན་པོ་འདི་ཉིན་བཞིན་གྲ་རྒྱས་ཕུན་སུམ་ཚོགས་སུ་འགྲོ་ཐུབ”ཅེས་ནན་བཤད་གནང་ཡོད།

    འདས་ཟིན་པའི་ལོ་གཅིག་ལ་ཕྱི་མིག་བལྟས་ཚེ། གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིའི་ཁེ་དབང་སྔར་བས་འགན་ལེན་ཐུབ་པ་དང་། རྒན་རྒོན་དང་འཚམ་པའི་སྒྱུར་བཀོད་ཀྱིས་རྒན་རྒོན་ལ་སྟབས་བདེ་བསྐྲུན་པ། བུ་གསོའི་ཁྱིམ་ཚང་ལ་ཟླ་རེར་ཁ་གསབ་སྒོར་300མང་དུ་བཏང་བ་སོགས་དམངས་འཚོའི་བྱ་བ་དངོས་རེ་རེ་ལས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ་གསར་འགོད་པས་ས་གནས་ཁག་གི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་རྒྱུས་ལོན་བྱས་ཏེ་སྤྱིར་བཏང་གི་འཚོ་བ་ལས་མངོན་པའི་སྐྱིད་སྣང་ཆེན་པོར་མྱོང་རོལ་བྱས་པ་ཡིན།

    འདི་ནི་ཧྲན་ཏུང་ཞིང་ཆེན་ལེ་ལིང་གྲོང་ཁྱེར་ཐེན་ཧོ་ཅ་ཡོན་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་གྱི་རོགས་རམ་འོག་ཐུག་པ་བཟོ་སྟངས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་ཧྲན་ཤིས་ཞིང་ཆེན་ཡུན་ཁྲེང་གྲོང་ཁྱེར་ཕིང་ལུའུ་རྫོང་གི་དེང་རབས་ཞིང་ལས་ལྡུམ་རའི་ནང་ཤིང་འབྲས་འདེབས་མཁན་ཞིང་པས་སྲེའུ་སྡོང་ལ་ཟེའུ་འབྲུ་སྡེབ་སྦྱོར་བྱེད་བཞིན་པ།

    འདི་ནི་ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་ཡོན་དབྱང་རྫོང་ལུའུ་ཀྲའེ་ཤང་ལི་ཀྲོང་གྲོང་ཚོའི་ཡུལ་མིས་དྲ་ཚོང་ལས་སྟེགས་ནས་ཐད་གཏོང་ཟོག་ཚོང་བྱེད་བཞིན་པ།

    འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཕན་ཨན་རྫོང་ཨན་ཝུན་ཁྲོམ་གཞུང་ལིང་ཝའེ་གྲོང་གསར་དུ་བཀོད་སྒྲིག་དུད་ཚང་གིས་ལྒང་བཞུ་བཀལ་བ་དང་ཆ་ཡིག་སྦྱར་ནས་སྡོད་ཁང་གསར་པར་སྤོས་པར་རྟེན་འབྲེལ་ཞུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།