རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཡིག་ཆ་བཀྲམ་ནས།
སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ལས་རྣམ་གསར་པ་གཞི་ཁྱོན་ཆེན་པོས་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས《སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ལས་རྣམ་སྐྱེད་སྲིང་དང་སྒོ་དབྱེར་བརྟེན་ནས་ལས་རྣམ་གསར་པ་གཞི་ཁྱོན་ཆེན་པོས་སྤྱོད་རྒྱུར་མགྱོགས་མྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ལས་རྣམ་སྐྱེད་སྲིང་དང་སྒོ་དབྱེའི་འབྲེལ་ཡོད་བླང་བྱ་ཁ་གསལ་བཟོས་ཏེ། སྨན་བཅོས་འགན་བཅོལ་བདེ་ཐང་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་བས་ལེགས་པའི་ངང་སྤྱི་འདོམས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། སྨན་བཅོས་རོགས་སྐྱོབ། ཡུན་རིང་ནད་སྐྱོང་འགན་བཅོལ་སོགས་སྨན་བཅོས་འགན་སྲུང་གི་འབྲེལ་ཡོད་ཁྱབ་ཁོངས་ཁག་ལ་ཁྱབ་པའི་གནས་ཚུལ་བསྡུ་རུབ་བྱས་ཏེ། འཕེལ་ཕྱོགས་རང་བཞིན་དང་། ལག་བསྟར་ཆོག་པའི་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་འགག་སྒོ་ནན་པོ་སྲུང་བའི་རྨང་གཞིའི་ཐོག་སྟབས་བསྟུན་གསར་སྒྱུར་གྱི་ལས་རྣམ་མཛོད་རགས་ཙམ་བསྐྲུན་ཡོད།
བརྡ་ཐོའི་ནང་། སྨན་བཅོས་སྨན་རྫས་ཀྱི་ལག་རྩལ་ཡར་ཐོན་དང་། དམངས་ཕན་ཞབས་ཞུ་ལེགས་གཏོང་། དོ་དམ་ནུས་པའི་སྤུས་ཚད་མཐོར་གཏོང་། ཁྱབ་ཁོངས་ལས་བརྒལ་བའི་མཉམ་སྡེབ་ཕན་འབྲས་ཆེར་གཏོང་། སྨན་བཅོས་འགན་བཅོལ་གྱི་ཕྱོགས་བསྡུས་རིན་ཐང་གདེང་འཇོག་སོགས་ཕྱོགས་ཁག་དང་འབྲེལ་བའི་ལས་རྣམ་རྒྱུན་རྣམ་ཅན་གྱིས་བསྡུ་རུབ་བྱས་ཏེ། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ལས་རྣམ་མཛོད་སྟབས་བསྟུན་གསར་སྒྱུར་བྱེད་དགོས་པ་དང་། ས་གནས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་མངོན་པ་དང་། དཀའ་གནད་དངོས་ཐག་གཅོད་ཐུབ་པ། ཁྱབ་གདལ་གྱི་གཏིང་ཤུགས་ལྡན་པ་བཅས་ཀྱི་བྱེད་ཐབས་འདོན་པའི་སྐུལ་ལྕག་བྱེད་དགོས་པ། དེའི་དམིགས་ཡུལ་གཙོ་བོ་ནི་དམིགས་འཛུགས་ཀྱི་ལས་རྣམ་གནད་སྨིན་ངང་སྒོ་ཕྱེ་ནས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ཆུ་ཚད་ལེགས་སུ་དང་མཐོ་རུ་གཏོང་བ། གནད་ཀྱིས་ཁྱོན་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་ཞབས་འདེགས་ཞུ་བ་བཅས་བྱས་ནས། སྐྱོན་བྲལ་དཔལ་འབྱོར་གྱི་འཕར་གནས་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་། ཆ་རྐྱེན་འཛོམས་པའི་ཁེ་ལས་དང་། མཐོ་སློབ། ཚན་རིག་ཞིབ་འཇུག་ཁང་དང་སོའུ། སྨན་བཅོས་སྒྲིག་གཞི། ཚོང་ལས་བདེ་ཐང་འགན་བཅོལ་སྒྲིག་གཞི། ལས་བཟོའི་རོགས་རེས་འགན་སྲུང་རྩ་འཛུགས། དགེ་སྒྲུབ་རྩ་འཛུགས་སོགས་ཀྱིས་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ལས་རྣམ་བཀོལ་སྤྱོད་ནང་མཉམ་དུ་ཞུགས་པར་སྐུལ་ལྕག་བྱེད་དགོས་པ་དང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ལས་རྣམ་མཛོད་ནང་གི་འབྲས་སྨིན་ལས་རྣམ་ལ་ཚོད་སྐོར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ཀྱི་ལས་རྣམ་གསལ་ཐོ་ཁག་དབྱེ་བྱས་ནས་ཁྱབ་བསྒྲགས་བྱེད་དགོས་པ། དེ་དང་ཆབས་ཅིག་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྟ་འདོམས་ཀྱི་ཞན་ཆ་སྔོན་འགོག་ནན་པོ་དང་། ལས་རྣམ་བཀོལ་སྤྱོད་སྤྱི་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་སྐུལ་འདེད་གཏོང་བ་དང་བརྟན་ལ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། གྲ་སྒྲིག་གང་ཡང་མི་བྱེད་པར་སྒྲུབ་པ་དང་འཛུགས་སྐྲུན་བསྐྱར་ཟློས་ཀྱི་སྣང་ཚུལ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།