དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལོ་གསར་རྣམ་པ་ཉམས་སུ་མྱོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    འདི་ནི་ཉེ་ཆར་ཕུའུ་ཏུང་ཀྲུང་གོའི་ལོ་གསར་མྱོང་རོལ་བྱེད་སྒོ་སྐབས་དང་པོ་སྤེལ་ཡུལ་དུ་ཕྱི་རྒྱལ་གྲོགས་པོ་ཞིག་ཉ་གཟུགས་ལྒང་བཞུའི་སྐོར་སྐྱོད་བྱེད་སྒོར་ཞུགས་བཞིན་པ།

    འདི་ནི་ཟླ་2ཚེས་7ཉིན། ཕྱི་སྦྱོང་སློབ་མས་ཅང་སུའུ་ཞིང་ཆེན་ཅུས་རུང་གྲོང་ཁྱེར་དུ་གཉེར་བའི་ལོ་གསར་མཁོ་ཆས་ཀྱི་ཚོང་འདུས་ཐོག“རྟ་ཤོན”འཁྲབ་སྟོན་ཉམས་ལེན་བྱེད་བཞིན་པ།

    འདི་ནི་ཟླ་2ཚེས་8ཉིན། ཧྲན་ཏུང་ཚན་རྩལ་སློབ་ཆེན་གྱིས་གཉེར་བའི“མངོན་མིན་རིག་གནས་ཤུལ་བཞག་ཁྲོད་ཀྱི་ཀྲུང་གོའི་ལོ་གསར”གྱི་རིག་གནས་མྱོང་རོལ་བྱེད་སྒོའི་ཐོག ཕྱི་སྦྱོང་སློབ་མ་གཉིས་ཀྱིས་རང་ཉིད་ཀྱིས་བཟོས་པའི་ལག་ཤེས་ཐོན་རྫས་སྟོན་བཞིན་པ།

    འདི་ནི་སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་གསེར་གྱི་ཀུ་ཤུ་པང་ཐའེ་བུ་བཅོལ་ཁང་དུ་ཕྱི་རྒྱལ་གྲོགས་པོས་དགེ་སློབ་ཚོ་དང་མཉམ་དུ་རྒྱ་ཡིག“福”བྲིས་ནས་ཀྲུང་གོའི་སྲོལ་རྒྱུན་གྱི་ལོ་གསར་གོམས་སྲོལ་ལ་མྱོང་རོལ་བྱེད་བཞིན་པ།

    དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས། ས་གནས་ཁག་ཏུ་ལོ་གསར་གྱི་རྣམ་པ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་ལས་ཐུན་མིན་གྱི་མྱོང་བ་གསར་པ་སྦྱིན་ནས་ཕྱི་རྒྱལ་གྲོགས་པོ་མང་དག་ཅིག་གི་ཡིད་དབང་བཀུག་ཡོད། ལོ་རྒྱུས་དང་དེང་རབས་དང་། སྲོལ་རྒྱུན་དང་དར་སོ་མཉམ་དུ་འདྲེས་པའི་ཀྲུང་གོའི་ལོ་གསར་ལ་མྱོང་རོལ་བྱེད་པ་དེ་ཕྱི་རྒྱལ་གྱི་ཡུལ་སྐོར་བ“ཀྲུང་གོར་ཡུལ་སྐོར་དུ་ཡོང་བའི”ནང་དོན་གསར་པར་གྱུར་ཏེ་གོ་ལ་ཧྲིལ་པོའི་ཡུལ་སྐོར་དམིགས་ས་ཡིན་པའི་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།