ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་སྐབས་གསུམ་པ་འཚོགས་པ།
ཚེས་7ཉིན། ཀྲུང་གོ་དང་ཐུར་ཁེའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་སྐབས་གསུམ་པ་ཐུར་ཁེའི་གྲོང་ཁྱེར་དབྱི་སི་ཐན་པུར་དུ་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་འཐུས་མིས་དཔལ་འབྱོར་ཚོང་དོན་འཕར་བའི་མི་མངོན་པའི་སྟོབས་ཤུགས་སྐོར་ལ་གང་བསམ་ལྷུག་གླེང་བྱས་པ་དང་མཉམ་ལས་ཀྱི་གོ་སྐབས་གསར་པའི་སྐོར་མཉམ་དུ་གླེང་བ་རེད།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རེན་ཧུང་པིན་གྱིས། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ལྷན་ཚོགས་ཀྱིས་ཐུར་ཁེ་ཕྱོགས་ཀྱི་ལས་རིགས་ཁག་དང་མཉམ་དུ་ལེགས་ཆ་གསབ་རེས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཐུར་ཁེའི་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཞུའེ་པིན་དང་ཐུར་ཁེའི་ཕྱི་ཕྱོགས་དཔལ་འབྱོར་འབྲེལ་བ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནཱ་དབྱིར་སོགས་ཀྱིས་ཤིས་ཚིག་བསྒྲོན་པ་དང་། ཀྲུང་གོ་དང་ཐུར་ཁེའི་ལས་རིགས་ཁག་གི་འཐུས་མི་300ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།