ཀྲུང་གོ་སླར་ཡང་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ལིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོར། འཇར་མན་གྱིས་ཀྲུང་གོར་ཉོ་ཚོང་བྱེད་ཚད་ཡོ་སྒོར་དུང་ཕྱུར་2530ཟིན་པ་དེ་ལོ་གོང་མའི་ཡོ་སྒོར་དུང་ཕྱུར་2463ལས་2.7%ཙམ་འཕར་ཡོད། སྒྲིག་གཞི་དེས་2025ལོར་ཀྲུང་གོ་སླར་ཡང་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ་མཚོན་ཡོད། གྲངས་གཞི་ལས་མངོན་པར། 2025ལོར་འཇར་མན་གྱིས་ཀྲུང་གོ་ནས་ནང་འདྲེན་བྱེད་ཚད་ཡོ་སྒོར་དུང་ཕྱུར་1712ཟིན་པ་དང་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཡོ་སྒོར་དུང་ཕྱུར་818ཟིན་ཡོད།
འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2016ནས་2023ལོའི་བར་ཀྲུང་གོས་ལོ་8བསྟུད་མར་འཇར་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།