དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་དབྱིན་དངུལ་རྩའི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོར་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་2ཚེས་6ཉིན་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཀྲུང་དབྱིན་དངུལ་རྩའི་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་པེ་ཅིང་དུ་འཚོགས་ནས་ཕྱོགས་གཉིས་ཀྱི་དངུལ་རྩའི་དོ་དམ་ཚན་པས་གོ་ལ་ཧྲིལ་པོའི་སྤྱི་ཁོག་དཔལ་འབྱོར་དུས་བབ་དང་དངུལ་རྩ་བརྟན་པོ་དང་། དངུལ་རྩ་ལྟ་འདོམས། དངུལ་རྩའི་ཁྲོམ་ར་འཕེལ་རྒྱས་བཅས་དང་། དེ་བཞིན་རྒྱུན་མཐུད་ཆོག་པའི་དངུལ་རྩ་ཚུད་པའི་དངུལ་རྩ་གསར་གཏོད་སོགས་ཀྱི་གྲོས་གཞིར་བསམ་འཆར་བརྗེ་རེས་བྱས་པ་དང་ཆབས་ཅིག་ཞིབ་ཕྲའི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་ཡོད་པ་རེད།

    ཀྲུང་དབྱིན་དངུལ་རྩའི་ལས་དོན་ཚོགས་ཆུང་2025ལོའི་ཟླ་5པར་བཙུགས་པ་དང་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་ནི་ཉེ་དུས་ཀྱི་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་གི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།