མཚོ་སྔོན་གྱི་སྤུས་ལེགས་སྟོབས་ཆེན་ཞིང་ཆེན་འཛུགས་སྐྲུན་གྱི་མྱུར་ཚད་བཏོད་པ།
ཉེ་ཆར་གསར་འགོད་པར“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི” ཚུན་དུ་མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་རྨང་གཞི་བརྟན་དུ་བཏང་བ་ལས་སྤུས་ལེགས་སྟོབས་ཆེན་ཞིང་ཆེན་འཛུགས་སྐྲུན་གྱི་མྱུར་ཚད་གཏོད་པ་དང་། སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ། ཤེས་རིག་བདག་དབང་སྲུང་སྐྱོང་བྱེད་ནུས་ཆེ་རུ་བརྟན་པོ་ཕྱིན་པ་བཅས་བྱུང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་བྱས་ཡོད།
ལོ་ལྔའི་རིང་། མཚོ་སྔོན་གྱིས“1+7+N”རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་བཀོད་ས་མཐོའི་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་གསར་གཏོད་དང་སྐུལ་འདེད་བཏང་སྟེ། ས་མཐོའི་སྐས་རིམ་ས་བབ་ཀྱི་ཕྱི་རོལ་ལས་སྒྲུབ་གནས་ཚུལ་ཚོད་ལྟ་བྱ་ཡུལ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་3Hས་མཐོའི་ཁས་ལེན་དཔང་འདོན་མ་ལག་ཐོག་མ་ཁྱབ་བསྒྲགས་བྱས་པ། ས་མཐོའི་དམིགས་བསལ་ཁོར་ཡུག་གི་སྤུས་ཚད་ཁས་ལེན་དཔང་འདོན་གྱི་སྟོང་ཆ་བསྐངས་ཡོད། ནུས་རྒྱུ་གསར་པ་དང་དམའ་དབྱིངས་སྒྲིག་ཆས་སོགས་གཙོ་གནད་ཐོན་ལས་འཁོར་འབྲེལ་ས་ཁོངས་ལས་བརྒལ་བའི་སྤུས་ཚད་མཉམ་འགུལ་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ཀྱི་བོད་རུམ་དང་མ་བཅོས་རྒྱུ་ཆའི་སྤུས་ཚད་ཞིབ་བཤེར་ལྟེ་གནས་དང་རྒྱལ་ཡོངས་ཀྱི་ཚྭ་རྫས་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལས་སྟེགས་ཐོག་མ་བསྐྲུན་ཡོད། རྒྱལ་ཡོངས་ཀྱི་སྔོན་ལ་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་ཁག་5ཡོངས་བསྒྲགས་བྱས་པ་དང་འོད་ཤུགས་དང་དངུལ་རྩའི་ཁྱབ་ཁོངས་ལ་ཁེ་ལས་ཀྱི་ཚད་གཞིའི“སྣེ་ཁྲིད་པའི”མཚན་སྙན་ཐོབ་ཡོད། ཤང་ཀང་STC(ཚད་གཞི་དང་དེ་བཞིན་ཞིབ་དཔྱད་གཏན་འཁེལ་ལྟེ་གནས)མཚོ་སྔོན་ཚོད་ལྟ་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ་ཉ་ཧུང་ཙོང་དང་འདྲེ་ཚེར་མ་སོགས“མཚོ་སྔོན”རྟགས་ཅན་གྱི་ཐོན་རྫས་70རྒྱལ་སྤྱིའི་ཁྲོམ་རར་བཏོན་པར་རམ་འདེགས་བྱས་ཡོད།
རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་ས་མཐོའི་ལྗང་མདོག་སྐྱེ་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་རིག་བདག་དབང་གི་ཞིང་ཆེན་སྟོབས་ཆེན་བསྐྲུན་ཡོད། མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཤེས་རིག་བདག་དབང་རྩོད་གཞིར་ཁ་གཏད་གཅོག་པར་མཛུབ་ཁྲིད་བྱེད་པའི་མཚོ་སྔོན་ཡན་ལག་ལྟེ་གནས་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་། ཤེས་རིག་བདག་དབང་གི“གཅིག་བྱས་པ་ལྔའི”ལོ་གསུམ་འགག་སྒྲོལ་བྱ་སྤྱོད(གྲོང་ཁྱེར་གཅིག་སྟོབས་ཆེར་གཏོང་བ་དང་། ཐོན་ལས་གཅིག་སྟོབས་ཆེར་གཏོང་བ། སྤུས་རྟགས་ཁག་གཅིག་ལེགས་སུ་གཏོང་བ། ལས་སྟེགས་གཅིག་གཏོད་པ། ལྟེ་བ་གཅིག་རིམ་སྤོར་བྱེད་པ)ལག་བསྟར་བྱས་ཡོད། ཁེ་བེད་དབང་སྤྲོད་བྱེད་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ཁྲི་1.92ནས་ཁྲི་4.37བར་འཕར་བ་དང་། ཚོང་རྟགས་ཐོ་འགོད་བྱེད་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ཁྲི་4.85ནས་ཁྲི་8.89བར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།