དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས་བྱེད་ཐབས་མང་པོར་བརྟེན་ནས་སྤྱི་པའི་ཞབས་ཞུ་ལེགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-02-11

    ཉིན་ཤས་གོང་། གསར་འགོད་པས་2026ལོའི་མཚོ་སྔོན་ཞིང་ཆེན་གྱི་རླུང་འཕྲིན་བརྙན་འཕྲིན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2026ལོར་ཞིང་ཆེན་དེ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱིས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་པ་དང་། ནང་དོན་འཕེལ་རྒྱས་ལེགས་སྒྱུར། རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར་ལ་མ་ལག་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ། རླུང་འཕྲིན་བརྙན་འཕྲིན་ལྟ་ཉན་གྱི་བདེ་འཇགས་རྨང་གཞི་བརྟན་དུ་གཏོང་བ་བཅས་ཕྱོགས་ལྔར་གཙོ་གནད་ཐོག་དམ་འཛིན་བྱ་རྒྱུ་ཡིན་ཞིང་། བརྙན་འཕྲིན་ཟློས་གར《བླ་ཤིང》 དང་། དངོས་མཚོན་པར་གཞི《ངོ་མཚར་ཆེ་བའི་གཙང་གསུམ་ཆུ་འགོ》 《རྩེད་འཇོར་རོལ་མཁན·མཚོ་སྔོན》 《ཀྲུང་གོའི་ནུབ་བྱང་ཁུལ·མཚོ་སྔོན་གྱི་ལེ་ཚན》 《རིག་དངོས་ནང་གི་མཚོ་སྔོན》《སྔོ་ཐིང་ཐིང་གི་ས་མཐོ》སོགས་བརྩམས་ཆོས་གསར་རྩོམ་བྱས་ནས་བཏོན་པར་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད།

    རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་ཕུགས་ཕན་འཁོར་སྐྱོད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “བཅོས་སྐྱོང་གཉིས”ཀྱི་གྲུབ་འབྲས་ཀྱི་ཕན་པ་ཁྱབ་ཚད་མུ་མཐུད་རྒྱ་ཆེར་གཏོང་བ། “མཚོ་སྔོན་ལ་མོས་བསྟོད”ཅེས་པའི་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་སློབ་རའི་བྱ་སྤྱོད་དང་། “བློ་མཐུན་རྒན་གྲས་ཀྱི་ལྟ་ཉན་ཉམས་ལེན་ལེགས་གཏོང”སོགས་ཀྱི་བྱེད་སྒོ་སྤེལ་ནས། ཞིང་འབྲོག་ལས་དང་འབྲེལ་བའི་ལེ་ཚན་བཏོན་ཚད་ཆེ་རུ་གཏོང་བ་བཅས་བྱས་ཤིང་། རྒྱང་འཛིན་ཡོ་བྱད་གཅིག་གི“མཐེབ་གནོན་གཅིག་གིས་བརྙན་འཕྲིན་ལ་ལྟ་བ”ཁྱབ་གདལ་མགྱོགས་སུ་བཏང་ནས་བརྙན་འཕྲིན་བཀོལ་སྤྱོད་ཀྱི་ཉམས་ལེན་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད། རླུང་འཕྲིན་བརྙན་འཕྲིན་ལྟ་ཉན་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་བཀོལ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱི་གྲངས་རིག་ཅན་ཕྱོགས་སྒྱུར་ལའང་སྐུལ་འདེད་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།