རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་འཁོར་སྐྱོད་ལམ་ཐིག་གསར་པ་ལག་བསྟར་བྱས་པ།
ཉེ་ཆར། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་འཁོར་སྐྱོད་ལམ་ཐིག་གསར་པ་ལག་ལེན་བསྟར་བ་རེད། ལམ་ཐིག་གསར་པ་བཟོས་རྗེས་རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་སྐྱེལ་མེ་འཁོར་12130བཀོད་སྒྲིག་བྱས་པ་དང་ཟོག་འདྲེན་མེ་འཁོར་23748བཏང་བས། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱི་འགྲུལ་སྐྱེལ་དང་ཟོག་འདྲེན་ནུས་པ་དང་ལས་ཕྱོད་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། ཐོན་རྫས་མཁོ་སྤྲོད་སྐྱེལ་འདྲེན་ཡང་མུ་མཐུད་ལེགས་སུ་ཕྱིན་ཡོད།

འདི་ནི་ཉེ་ཆར་འགྲུལ་པ་མེ་འཁོར་ཐེངས་G340ལ་འཛུལ་བར་འགྲོ་བཞིན་ཡོད་པ་དང་། ཝུའུ་ཧན་ནས་པེ་ཅིང་ནུབ་ཚུགས་བར་གྱི་མེ་འཁོར་ཐེངས་G68དེ་ཐེངས་G340ལ་བསྒྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།