ཧྭ་ནུས་ཚོགས་པ་ཀུང་སིས་བོད་དུ་བསྐྲུན་པའི་རླུང་གློག་རྣམ་གྲངས་ཁག་དང་པོའི་འཕྲུལ་ཙུའུ་དྲ་བ་སྦྲེལ་ནས་གློག་བཏང་བ།

འདི་ནི་ཧྭ་ནུས་ཚེ་སྤོང་རླུང་གློག་རྣམ་གྲངས་ཀྱི་ཀྲའོ་ཝ་5ཡི་རླུང་གློག་འཕྲུལ་ཙུའུ་ཡིན་པ།
ཉེ་ཆར། ཧྭ་ནུས་ཚོགས་པ་ཀུང་སིས་བོད་དུ་བསྐྲུན་པའི་རླུང་གློག་རྣམ་གྲངས་ཐོག་མ་སྟེ། ཧྭ་ནུས་ཚེ་སྤོང་རླུང་གློག་རྣམ་གྲངས་ཀྱི་ཁག་དང་པོའི་འཕྲུལ་ཙུའུ་དངོས་སུ་དྲ་བ་སྦྲེལ་ནས་གློག་བཏང་བ་དང་། སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.23ལྷག་ཙམ་ཟིན་ནས་ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་6གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་16.4ཉུང་དུ་འགྲོ་རྒྱུ་ཡིན་པ་དེས་ས་གནས་དེ་གའི་ནུས་རྒྱུ་འགན་ལེན་གྱི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད།
རྣམ་གྲངས་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁོངས་ཀྱི་ཆ་སྙོམས་ས་བབ་སྨི་5050ཙམ་ཡོད་པའི་ས་མཐོར་ཡོད་ཅིང་། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་8ཟིན་པ་དང་། ཀྲའོ་ཝ་ཆུ་ཚོད་64རེར་ཀྲའོ་ཝ་16རང་གྲུབ་རང་བཞིན་གྱི་གློག་གསོག་མ་ལག་སྒྲིག་སྦྱོར་བྱས་པ་དང་། རྣམ་གྲངས་དེར་ཀྲའོ་ཝ་5ཡི་རླུང་འཁོར15དང་ཀྲའོ་ཝ་6.25ཡི་དཔེ་སྟོན་འཕྲུལ་ཚན་1སྒྲིག་སྦྱོར་བྱ་རྩིས་ཡོད་ཅིང་དཔེ་སྟོན་འཕྲུལ་ཙུའུ་དེ་བོད་ཀྱི་འཕྲུལ་འཁོར་རྐྱང་པ་ནས་གློག་གཏོང་ཚད་མང་ཤོས་ཀྱི་རླུང་གློག་འཕྲུལ་ཙུའུ་རུ་འགྱུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།