དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཀའ་ཉེན་དུས་སུ་སྤྱོད་ཚུལ་བརྟག རྒྱུགས་ལེན་མདུན་དུ་འགན་འཁྲི་འཁུར།

    ​ རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཞི་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-11

    2025ལོའི་ཟླ་1ཚེས་7ཉིན། ཇོ་མོ་གླང་མའི་བྱང་འདབས་སུ་ས་གཡོ་ཞིང་རི་བོ་འགུལ། བོད་ལྗོངས་དིང་རི་རྫོང་དུ་སྐད་ཅིག་མར་མང་ཚོགས་ཀྱི་ཁྱིམ་གཞིས་ལ་གཏོར་སྐྱོན་ཆེན་པོ་ཕོག་ནས་དམངས་འཚོ་ཛ་དྲག་གི་གནས་སུ་གྱར།

    འོན་ཀྱང་ཟླ་བ་བཅུ་ཙམ་གྱི་རྗེས་སུ། ཞིག་རོའི་སྟེང་དུ་གྲོང་ཚོ་གསར་རྐྱང་ཞིག་བརྒྱབ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐབ་ནས་དྲོ་སྐྱིད་ལྡན་པའི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད། “ལོ་དེ་རང་ལ་བསྐྱར་སྐྲུན་བྱས་ནས་ལོ་དེའི་ནང་སྤོ་ཐུབ་པའི”གཟི་བརྗིད་ལྡན་པའི་ཁས་ལེན་གྱི་དམ་བཅའ་དེ་གངས་ལྗོངས་ས་མཐོར་དོན་དངོས་སུ་གྱུར་ཡོད།

    མི་རྣམས་དིང་རིའི་མྱུར་ཚད་ལ་ཧང་སངས་ཤིང་། མྱུར་ཚད་འདི་ལྟ་བུ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་གློ་བུར་དུ་མཐའ་མའི་གདོང་མཆོང་བྱས་པ་ཞིག་གཏན་ནས་མ་ཡིན་པར། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གིས་སྙིང་རུས་གཏན་འཁྱོངས་ཀྱིས་སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་གསོན་ཉམས་དོད་པའི་ལག་ལེན་དང་ལས་དོན་ནུས་ལྡན་བསྒྲུབས་པ་ལས་བྱུང་བ་ཞིག་རེད།

    གདེང་ཚོད་གང་ནས་བྱུང་བ་ཡིན་ནམ། ——

    ཉིན་གཅིག་གི་འགྲུལ་བཞུད་ཆེད་དུ། རྟ་ཕོ་ཆག་གིས་ཡུན་རིང་གསོ།

    དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་དུ་རྫོང་ཡོངས་ཀྱི་མི་དམངས་ལ“ཁས་ལེན་དམ་བཅའ”བཞག་སྟེ། བཀོད་འདོམས་པུའུ་གུར་ནང་སྤོ་བ་དང་། གཞུང་ལས་ཁང་སྟབས་བདེའི་ཁང་པར་སྤོ་བ། ཏང་དར་མཐོ་སར་འཛུགས་པ། ཉེན་ཁ་ཆེ་ཤོས་ཀྱི་གནས་སུ་རང་ནུས་འདོན་པ། འགན་འཁྲི་ནན་ཤོས་འཁུར་བ་བཅས་བྱས་པ་དང་། རྫོང་ཡོངས་ཀྱིས“དམག་འཁྲུག་དུས་ཀྱི་རྣམ་པའི”ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ། གྲོང་ཨུད་ཀྱི་ཞིབ་ཕྲའི་བཀོད་སྒྲིག་བཅས་མང་ཚོགས་ཀྱིས་མཐོང་ཐོས་མྱོང་རེག་བཅས་ལ་འགྱུར་བའི་ལག་ལེན་དུ་འཁྱོལ་བར་བྱས་པ་རེད།

    ལམ་ལུགས་ནི་གཞི་སྒྲོམ་ཡིན། ཉེ་བའི་ལོ་ཤས་རིང་། དིང་རི་རྫོང་གིས“ཕྱོགས་གསུམ་ལ་ཤུགས་རྒྱག་པར”དམིགས་ཏེ་ལས་བྱེད་པའི་སྤྱོད་ཚུལ་བཟང་པོར་ཞུན་བརྡར་སྤྲས་པ་སྟེ། བསམ་བློའི་ཁྲིད་སྟོན་དང་། གནད་དོན་གྱི་སྟོན་ཕྱོགས། འགོ་ཁྲིད་ཀྱི་སྣེ་ཁྲིད་བཅས“མཐའ་འཁྱོངས་གསུམ”ལ་ཤུགས་བརྒྱབ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ་དང་། སློབ་སྦྱོང་གསོ་སྦྱོང་དང་། ལམ་ལུགས་འཛུགས་སྐྱོང་། ལྟ་སྐུལ་ཞིབ་བཤེར་བཅས“ཤུགས་སྣོན་གསུམ”མངོན་གསལ་དོད་དུ་བཏང་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་བ། ཞབས་ཞུའི་ནུས་ཕྱོད་དང་། ལས་དོན་ལག་བསྟར་བྱེད་ནུས། མང་ཚོགས་བློ་ཡིད་ཚིམ་ཚད་བཅས“མཐོར་འདེགས་གསུམ”ལ་མཐོང་ཆེན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་ཡོད།

    སྤྱོད་ཚུལ་འཛུགས་སྐྱོང་བྱེད་སྐབས“གནད་དོན་གྱི་སྟོན་ཕྱོགས”དང“འགན་འཁྲིའི་སྟོན་ཕྱོགས”ལ་ཡང་ནས་བསྐྱར་དུ་ཤུགས་སྣོན་བརྒྱབ་སྟེ། འགོ་ཁྲིད་ལས་བྱེད་པ་ནི་སྤྱོད་ཚུལ་འཛུགས་སྐྱོང་གི“འགག་རྩའི་ཉུང་ཤས”ཡིན་པས། དཀའ་ཉེན་བྲེལ་གསུམ་གྱི་ལས་འགན་ལྕི་པོའི་མདུན་དུ་གདོང་མཆོང་དང་སྔོན་ལ་བསྒྲུབས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མིག་དཔེ་འདོན་དགོས་པའི་ནན་བཤད་བྱེད་ཀྱི་ཡོད།

    ས་ཡོམ་མ་བརྒྱབ་གོང་ནས“རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཤང་འགན་གཙང་ལེན་པ”ནི་རྒྱུན་ལྡན་གྱི་ལས་ཀའི་ལམ་ལུགས་ཤིག་ཡིན་པ་དང་། ས་ཡོམ་བརྒྱབ་རྗེས“དམག་འཁྲུག་དུས་ཀྱི་སྒྲིག་སྲོལ་ནན་པོར”དེ་བས་གྱུར་ཡོད་པ་སྟེ། དིང་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རྫོང་རིམ་པའི་འགོ་ཁྲིད་ཀྱིས་རྣམ་གྲངས་འགན་གཙང་ལེན་པ་དང་། ཁོའོ་རིམ་པའི་ལས་བྱེད་པས་ཡུག་ཁུལ་འགན་གཙང་ལེན་པ། ཏང་ཡོན་ལས་བྱེད་པས་དུད་ཚང་འགན་གཙང་ལེན་པ་བཅས་ཀྱི”འགན་གཙང་ལམ་སྲོལ་བཙུགས་ནས་རྒྱུ་རྐྱེན་གཙོ་བོ་ཡོངས་ལ་འགན་སྲུང་དང་། འཁོར་ཡུན་ཡོངས་ལ་ཞབས་ཞུ། ཉིན་མཚན་བལྟོས་མེད་དང་ལེན་བཅས་བྱས་པ་རེད།

    ས་བབ་མཐོ་ཤོས་དང་ཨར་ལས་ཆ་རྐྱེན་ཞན་ཤོས་ཀྱི་ཕན་སྤྱི་ཤང་བསྐྱར་སྐྲུན་བྱེད་སྐབས་འགན་གཙང་ལེན་མཁན་རྫོང་དཔོན་གཞོན་པ་ཀུའོ་ཉིང་ཉིང་མགོ་སྐྲ་ཟང་ཟིང་དུ་གྱུར་ཡོད་ནའང་ཉིན་མཚན་བལྟོས་མེད་དུ་འཐབ་ས་དང་པོ་བརྟན་སྲུང་ལས་ལ་བྲེལ་བཞིན་ཡོད།

    གྲོང་ཚོའི་ལས་བྱེད་པ་དང་། གྲོང་སྡོད་ལས་བྱེད་པ། གྲོང་ཚོའི་ཏང་ཡོན་བཅས་ཀྱིས་སྣེ་ཁྲིད་དང་དཔེ་བཟང་གི་ནུས་པ་བཏོན་ཏེ། འཕྲལ་མར་ཉེན་སེལ་རོགས་སྐྱོབ་སྒྲིག་འཛུགས་བྱེད་པ་དང་། སེམས་ནུས་ཡོད་རྒུས་གེགས་རྗེས་ཀྱི་སྐབས་འཕྲལ་བཀོད་སྒྲིག་ཡག་པོ་སོགས་བྱས་ཡོད།

    གདེང་ཚོད་གང་ནས་བྱུང་བ་ཡིན་ནམ། ——

    གཞན་སར་རང་བཞག གཞན་སྡུག་རང་མྱོང་བྱེད།

    དཀའ་ཚེགས་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་འགན་འཁྲི་འཁུར་སེམས་མཐོང་ཐུབ།

    ས་ཡོམ་བརྒྱབ་རྗེས་ཀྱི་དུས་མཚམས་ཁག་ནང་མྱུར་ཚད་ལ་ཚོད་བགམ་བྱེད་ལ། མང་ཚོགས་ཀྱི་བློ་ལ་འབབ་པའི་ལས་ཀ་སྒྲུབ་ཐུབ་མིན་ལ་དེ་བས་ཀྱང་ཚོད་བགམ་བྱེད་ཀྱི་ཡོད།

    རྫོང་རིམ་པའི་ལས་བྱེད་པ་32དང་ཏང་ཡོན་ལས་བྱེད་པ་1600ལྷག་ཙམ་གྱིས་རྡོག་ཆས་འཁྱེར་ནས་གྲོང་ཚོར་སྤོས་ཏེ་ཞིག་རོའི་འགྲམ་དུ་གཞུང་ལས་བསྒྲུབས་པ་དང་འཐབ་ས་དང་པོར་ཚོགས་འདུ་འཚོགས་ཏེ། “འགག་གནད”དང“དཀའ་གནད”ཆིག་སྟོང་ལྷག་ཙམ་མང་ཚོགས་ཀྱི་ཁང་པའི་འཁྲིས་སུ་དང་ཨར་སྐྲུན་བྱ་ཡུལ་གྱི་ཐལ་རྡུལ་ཁྲོད་དུ་རེ་རེ་བཞིན་བསལ་ཡོད།

    གྲམ་མཚོ་ཤང་གི་ཏང་ཡོན་ལས་བྱེད་པས་རང་ཉིད“སྒུལ་བདེའི་རྒྱང་བསྒྲགས”ལྟ་བུར་བརྩིས་ཏེ་བསྟུད་མར་ཉིན་30རིང་སྔ་ལོག་ཕྱི་ཐོན་གྱིས་ཁྱིམ་ཚང་རེ་རེ་བཞིན་ལ་འདྲི་རྟོག་དང་དུད་ཚང་རེ་རེ་བཞིན་གྱི་དོགས་གནད་ལ་ལན་བཏབ་པས། མཐར་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་སྟེ་ཤང་ཡོངས་ཀྱི་བསྐྱར་སྐྲུན་གྲོས་མཐུན་100%ལ་མིང་རྟགས་བཀོད་ཡོད།

    ཤེལ་དཀར་གྲོང་རྡལ་འཇའ་ལུང་གྲོང་ཚོར་འཕྲུལ་ཆས་གཏོང་ཐབས་བྲལ་བས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པ་ཚོས་རང་ཉིད་ཀྱི་ཕྲག་པ་དང་གདུང་མར་བརྟེན་ནས་ཞིག་རོ་གཙང་སེལ་གང་ཐུབ་བྱས་ཡོད།

    མཚོ་སྒང་ཤང་ཏང་ཨུད་ཀྱིས་འཆར་འགོད་ས་བཀྲའི་ཐིག་འཐེན་སྐབས་ས་ཆ་བེད་སྤྱོད་དང་། རྟགས་བཀོད་མཐོ་ཚད། ས་གཤིས་སོགས་ཀྱི་གནད་དོན་འཕྲད་པར་དམིགས་ནས། ཇུས་འགོད་དང་། ལྟ་ཞིབ་དོ་དམ། ཨར་སྐྲུན་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་འབྲེལ་ཡོད་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་བསློགས་ཡོད།

    ཉེ་བའི་ལོ་ཤས་རིང་དིང་རི་རྫོང་གིས“མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ”དང“ཐོག་མའི་བསམ་འདུན་ལག་བསྟར”བྱ་རྒྱུ་དེ་ལྟེ་བའི་བརྗོད་གཞིར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། བདེན་འཚོལ་དང་། དངོས་གཉེར། བདེན་གཙོ། དམ་འཛིན། ཏན་ཏིག་བཅས“ལྔ་མཉམ་འཛིན”མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བསལ་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ཁྲོད་མི་དམངས་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཐོབ་པར་བྱས་ནས་མི་ཚོགས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་ཡུལ་མི་ཚེ་རིང་ནོར་བུས“ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ་ནི་ཏང་དང་སྲིད་གཞུང་གི་བྱ་བ་ཁོ་ན་མ་ཡིན་པར། ང་ཚོ་ཚང་མའི་བྱ་བའང་ཡིན་པས་ཚང་མས་མཉམ་དུ་ལག་པ་འགུལ་ཚེ་གཞི་ནས་ཁང་པ་མགྱོགས་ལ་ཡག་པོ་ཞིག་སྐྲུན་ཐུབ”ཅེས་བཤད།

    སྟོབས་ཤུགས་ཆེན་པོ་ཇི་ལྟར་བསྒྲིལ་བ་ཡིན་ནམ། ——

    ལམ་ལུགས་རྨང་གཞིར་བྱས་པས་ན། ཀུན་སེམས་མཐུན་ནས་ལྕགས་རིར་གྱུར།

    བསྐྱར་སྐྲུན་བྱེད་པ་ནི་ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་འགག་སྒྲོལ་དམག་འཐབ་ཅིག་རེད།

    བསྐྱར་སྐྲུན་བྱེད་རིང་། དིང་རི་རྫོང་གིས“བཞི་བཤེར་བཞི་རྩད”ཀྱི་སྤྱིའི་བླང་བྱར་དམིགས་ནས། གྲི་དངོ་རང་གཏད་དང་རང་ངོས་གསར་བརྗེ་མཐའ་འཁྱོངས་དང་མཁྲེགས་སར་གཏུགས་ཕོད་པ་བྱས་ཏེ“ཞིབ་བཤེར”གྱི་རང་འགུལ་ཆེ་རུ་ཏན་ཏིག་གཏོང་བ་དང“རྩད་འདྲི”ཡི་རང་རྟོགས་ཆེ་རུ་བཏང་བ་སྟེ། དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་བཀོད་འདོམས་པུའི་འཁོར་སྐྱོད་སྐུལ་འདེད་ལམ་སྲོལ་དུས་ཐོག་ཏུ་ལེགས་སྒྲིག་དང་། “ཉིན་ལྟར་བརྡ་ཁྱབ་གཏོང་བ་དང་། གཟའ་འཁོར་རེར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ཟླ་བ་རེར་ཕྱོགས་སྡོམ་བྱེད་པ”བཅས་ཀྱི་བྱེད་ཐབས་ལག་བསྟར། དུས་བཀག་ལྟར་ཆེད་དོན་ཚོགས་འདུ་འཚོགས་པ། བསྐྱར་སྐྲུན་ལས་དོན་བཀོད་སྒྲིག་དང་བཀོད་གཏོང་བཅས་བྱས་ནས་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། དོན་འཁྱོལ་བྱེད་མཁན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཡོད།

    རིམ་ཁག་ཏང་རྩ་འཛུགས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་གང་ལེགས་བཏོན་ཏེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་གྱི་དྲ་མིག་ཅན་གྱི་བསྐྱར་སྐྲུན་མ་ལག་བཙུགས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གེགས་རྗེས་བསྐྱར་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བར་བྱས་ཡོད།

    གྲོང་ཚོ་གསར་པ་རེ་རེ་བཞིན་བསྐྲུན་པ་དང་། ཨར་འདམ་ལམ་རེ་རེ་བཞིན་ཁྱིམ་གྱི་སྒོ་རྩར་བཏིང་བས་གེགས་ཁུལ་མང་ཚོགས་ཀྱིས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་ཡིན་པ”ཟབ་མོ་ཚོར་ཡོད།

    “གཞུང་ལས་ཁང་གི་ལས་བྱེད་པ”ནས“ལས་ཡུལ་གྱི་རིགས་གཅིག་མཁས་ཅན”དང“མཐུན་སྦྱོར་འཇོན་ཐང་ཅན”དུ་འགྱུར་བའི་བར་ལས་བྱེད་པའི་སྤྱོད་ཚུལ་ལ་བསྐྱར་སྐྲུན་གྱི་འཐབ་ས་དང་པོ་ནས་ཞུན་བརྡར་ཐེབས་ཡོད།

    རྒྱུགས་ཆེན་ལ་དུས་བཀག་ཡོད་རུང་། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།

    ཟླ་བ་བཅུའི་རིང་གི་དིང་རིའི་ས་ཡོམ་གྱི་གེགས་རྗེས་བསྐྱར་སྐྲུན་བྱེད་རིང་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ལ་ཚོད་བགམ་བྱས་ཡོད། ཚོད་བགམ་གྱི་འབྲས་བུ་གསལ་པོར་མཐོང་ཐུབ་པ་སྟེ། དེའི་རྩ་བ“མཐའ་འཁྱོངས་གསུམ”ལ་ཚུགས་པའི་རིན་ཐང་གི་དོན་སྙིང་ནི་འཆི་གསོན་གྱི་གདམ་གའི་མདུན་དུའང་གཡོ་འགུལ་ཐེབས་མྱོང་མེད་པ་དང་། དེའི“བཞི་བཤེར་བཞི་རྩད”ལ་བརྟེན་ནས་བསྐྲུན་པའི་འགན་འཁྲིའི་གཞི་སྒྲོམ་ནི་གནོན་ཤུགས་ཆེན་པོའི་མདུན་དུའང་འགྱུར་བ་བྱུང་མྱོང་མེད་པ། དེའི“ལྔ་མཉམ་འཛིན”ནན་བཤད་བྱས་ནས་བཏོད་པའི་བྱ་སྤྱོད་ཀྱི་རྣམ་པ་ནི་དཀའ་ཉེན་ཁྲི་སྟོང་གི་མདུན་དུའང་ཡལ་མྱོང་མེད།

    དིང་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིང་ཞང་གིས“གངས་རི་ལས་མཐོ་བ་ནི་དད་མོས་དང་བྲག་རྡོ་ལས་བརྟན་པ་ནི་སྤྱོད་ཚུལ་ཡིན། སྤྱོད་ཚུལ་འཛུགས་སྐྱོང་གི་སྲོག་རྩ་ནི་སྤྱོད་ཐུབ་པར་ཐུག་པ་དང་སྟོབས་ཤུགས་ནི་སྤྱོད་ཤེད་ཆེ་བར་ཐུག་ཡོད་པ་དིང་རིའི་རྒྱུགས་ལན་ལས་བློ་སྒོ་གཏིང་ཟབ་ཕྱེ་ཡོད”ཅེས་བཤད།

    “བསྐྱར་སྐྲུན་གྱི་མཐར་ཐུག་དམིགས་ཡུལ་ནི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ་ཡིན། ང་ཚོས་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ཏེ་འགག་རྩའི་དུས་སུ་རང་ཉིད་ལ་སྐུལ་སློང་དང་། ཐབས་ལམ་མཁོ་འདོན། སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དང་ལས་ཀའི་མ་ལག་དེ་ལམ་ལུགས་ཀྱི་གྲུབ་འབྲས་སུ་བསྒྱུར་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ་ཏང་ཡོན་ལས་བྱེད་པའི་མངོན་གསལ་དོད་ཤོས་ཀྱི་རང་མདངས་སུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་དིང་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།