གངས་རི་དང་ནགས་ཚལ་ཁྲོད་ཀྱི་མཐའ་མཚམས་སྲུང་སྐྱོང་བ།

འདི་ནི་མཐའ་མཚམས་སྲུང་སྐྱོང་བས་གངས་རི་འཛེག་བཞིན་པ།

འདི་ནི་མཐའ་མཚམས་སྲུང་སྐྱོང་བས་ནགས་ཚལ་ཁྲོད་དུ་སྐོར་གཡེང་བྱེད་བཞིན་པ།

འདི་ནི་མཐའ་མཚམས་སྲུང་སྐྱོང་བ་ལྷག་པ་ཚེ་རིང(གཡས)གིས་ལྷམ་ནང་གི་བྱེ་མ་དང་གངས་འདོན་བཞིན་པ།
དགུན་དུས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་རི་འགོ་ཁ་བས་བརྒྱན། མཐའ་མཚམས་སྲུང་སྐྱོང་བས་གངས་རི་དང་ནགས་ཚལ་ཁྲོད་དུ་བསྐྱོད་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་བརྒྱུད་མྱོང་བའི་ལམ་བུར་ཉིན་ལྟར་འགྲོ་སྐྱོད་བྱས་ཏེ་གངས་ལྗོངས་ཀྱི་མཐའ་མཚམས་སུ་སྐོར་གཡེང་དང་རྒན་རབས་པའི་མཐའ་སྲུང་སྙིང་སྟོབས་རྒྱུན་འཛིན་བྱས་ཁར། རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་ལྷག་བསམ་རྣམ་དག་ངང་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ཁྱིམ་གཞིས་སྲུང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།