ཀན་སུའུ་སུའུ་ནན་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་དཔྱིད་གསར་བསུ་བ།

འདི་ནི་དེ་ཉིན་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཐང་ཆེན་དུ་ཡུས་ཀུའུ་རིགས་དང་བོད་རིགས་མང་ཚོགས་ཀྱིས་མི་རིགས་ལུས་རྩལ་རྣམ་གྲངས་འགྲན་བཞིན་པ།

འདི་ནི་2026ལོའི་ཟླ་2ཚེས་5ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཐང་ཆེན་དུ་ཡུས་ཀུའུ་རིགས་དང་བོད་རིགས་མང་ཚོགས་ཀྱིས་གཉའ་ཐག་འཐེན་བཞིན་པ།
2026ལོའི་ཟླ་2ཚེས་5ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན”ཞེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། ཡུས་ཀུའུ་རིགས་དང་། བོད་རིགས། སོག་རིགས། ཧོར་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཐང་ཆེན་དུ་འཛོམས་ནས། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཉམས་ལེན་དང“ཅང་ཤེས་རྟ་ཕོས་དཔྱིད་གསར་བསུ། སུའུ་ནན་དུ་བདེ་སྐྱིད་རྣམ་པས་ཁེངས”ཞེས་པའི་རིག་རྩལ་འཁྲབ་སྟོན་སོགས་སུའུ་ནན་གྱི་སྣ་མང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པའི་དཔྱིད་གསར་བསུ་བའི་བྱེད་སྒོ་ཁག་བརྒྱད་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།