ཕྱི་སྦྱོང་སློབ་མས་དམངས་སྲོལ་ཉམས་ལེན་བྱས་ཏེ་ཀྲུང་གོའི་ལོ་གསར་གྱི་རྣམ་པ་ཉམས་སུ་མྱངས་པ།

འདི་ནི་བྱང་ཕྱོགས་མི་རིགས་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ཕྱི་སྦྱོང་སློབ་མས་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞི་ཞ་ཆུས་ལུའུ་ཧྭ་ཀྲོའུ་སྡེ་ཁུལ་དུ་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་ཞབས་བྲོ་དབྱང་ཀོ་འཁྲབ་བཞིན་པ།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས། བྱང་ཕྱོགས་མི་རིགས་སློབ་ཆེན་རྒྱལ་སྤྱིའི་སློབ་གསོ་སློབ་གླིང་གི་ཕྱི་སྦྱོང་སློབ་མ་གདན་ཞུས་ལྟར་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞི་ཞ་ཆུས་ལུའུ་ཧྭ་ཀྲོའུ་སྡེ་ཁུལ་དུ་བསྐྱོད་ནས། འབྲུག་རྩེད་རྩེ་བ་དང་། ཞབས་བྲོ་དབྱང་ཀོ་འཁྲབ་པ། ཆུ་མོག་བཟོ་བ་སོགས་ཀྱི་བྱེད་སྒོ་ཉམས་ལེན་བྱས་ཏེ། ས་གནས་དེ་གའི་གྲོང་མི་དང་མཉམ་དུ་ཀྲུང་གོའི་ལོ་གསར་གྱི་འཁྲུག་ཆ་དོད་པའི་རྣམ་པ་ཉམས་སུ་མྱངས་པ་རེད།
འབྲེལ་ཡོད་གསར་འགྱུར།