དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་སྨན་བཅོས་བདེ་ཐང་ཁྲོམ་ར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡན་ཧོན། ལིའུ་ཀྲུང་ཧྭ།   |     སྤེལ་དུས།  2026-02-10

    ཧང་ག་རི་ཅི་རུའེ་སྨན་བཟོ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཨོར་པན·ཅ་པོའར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཅི་རུའེ་ཀུང་སིར་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་བསྐྲུན་ཡོད”ཅེས་བརྗོད་པ་རེད།

    1901ལོར་བཙུགས་པའི་ཅི་རུའེ་སྨན་བཟོ་ནི་ཡོ་རོབ་ཀྱི་སྨན་རྫས་ཀུང་སི་ཆེ་ཤོས་ཀྱི་གྲས་ཤིག་རེད། 1922ལོར་ཅི་རུའེ་སྨན་བཟོས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཐེངས་དང་པོ་བྱས་པ་དང་། 2014ལོར་ཅི་རུའེ་སྨན་བཟོ(ཀྲུང་གོ)ཚད་ཡོད་ཀུང་སི་ཧྲང་ཧའེ་རུ་བཙུགས་པ་རེད། མིག་སྔར་ཅི་རུའེ་སྨན་བཟོས་ཀྲུང་གོའི་སྤྱི་ཁྱབ་པུའུ་ཧྲང་ཧའེ་རུ་བཙུགས་པ་དང་ཆབས་ཅིག་ཀྲུང་གོའི་ས་ཆ་མང་པོ་ཞིག་ཏུ་ཡན་ལག་ཀུང་སི་བཙུགས་ཡོད། ཨོར་པན་གྱིས། “བདེ་ཐང་དང་སྨན་རྫས་ཁྱབ་ཁོངས་སུ་ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཅི་རུའེ་སྨན་བཟོའི་གལ་ཆེ་ཤོས་ཀྱི་ཕྱིར་གཏོང་དམིགས་སའི་གྲས་ཤིག་ཏུ་གྱུར་ཡོད”ཅེས་བརྗོད།

    ཨོར་པན་གྱིས། “ཀྲུང་གོའི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། ཅི་རུའེ་སྨན་བཟོ་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། ཀྲུང་གོའི་ཁྲོམ་རར་སྨན་རྫས་རྒྱུ་ཆ་འདང་ངེས་ཡོད་པས་ཁེ་ལས་ཀྱི་གོ་ལ་ཧྲིལ་པོའི་ཁྲོམ་རར་འགྲན་རྩོད་ཀྱི་ནུས་པ་འགན་ལེན་བྱས་ཡོད་ལ། ཀྲུང་གོའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་བས་ཁེ་ལས་ལ་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་མང་པོ་ཐོན་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།