ཀྲུང་གོའི་འཕྲུལ་མི་ཕ་རི་སིའི་དཔྱིད་གསར་དུས་ཆེན་གྱི་སྐོར་སྐྱོད་བྱེད་སྒོར་ཐེངས་དང་པོ་ཞུགས་པ།

འདི་ནི་འཕྲུལ་མི་ཞིག་གིས་ལྟད་མོ་བར་ལག་པ་གཡུག་གཡུག་བྱེད་བཞིན་པ།
ཉིན་ཤས་གོང་། “ཕ་རི་སིར་སྤྲོ་སྣང་དོད་པོས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད། འབྲུག་རྩེད་སེང་རྩེད་ལོ་གསར་རྟེན་འབྲེལ་ཞུ་བའི”དཔྱིད་གསར་དུས་ཆེན་གྱི་སྐོར་སྐྱོད་བྱེད་སྒོ་སྐབས་བཞི་པ་ཕ་རི་སི་གྲོང་ཁྱེར་གྱི་ཤང་ཞེ་ལི་ཧྲེ་ཁྲོམ་གཞུང་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། འཕྲུལ་མི་རུ་སྟར་གྲུ་བཞིའི་རྗེས་སུ་འབྲངས་ནས་གོ་རིམ་ལྡན་པའི་ངང་བསྐྱོད་ཅིང་། འགྲོ་སྐྱོད་བྱེད་རིང་ཐོགས་པ་མེད་པའི་སྒོ་ནས་ཁ་ཕྱིར་བསྐོར་བ་དང་། ལག་པ་གཡུག་པ། མགོ་བོ་ལྕོག་ལྕོག་བཅས་བྱས་པ་མ་ཟད། ལམ་རྒྱུད་ཀྱི་ལྟད་མོ་བ་དང་མཉམ་འགུལ་ཡང་ཡང་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།
“ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐོར་སྐྱོད་བྱེད་སྒོར་སྒྱུ་རྩལ་མཁས་ཅན་དང་ལྟད་མོ་བ་མང་པོ་འཛོམས་ནས་བརྩེ་སེམས་ཀྱི་མཉམ་སྒྲོག་དེ་བས་མང་པོ་བྱུང་ཡོད། ཕྱིས་སུ་བྱེད་སྒོའི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ནས་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་གོ་མངོན་པ་མ་ཟད། དེང་རབས་ཀྱི་རྣམ་པ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བའི་ཀྲུང་གོ་ཡང་མངོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཕ་རི་སིའི་ཤང་ཞེ་ལི་ཧྲེ་ཁྲོམ་གཞུང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཁེ—ཨན་ཐོ་དབན·ཡཱ་མེ་ཡིས་གསར་འགོད་པར་བརྗོད། ཁོང་གིས། “ཧྥ་རན་སི་བ་ཚང་མར་ཀྲུང་གོར་འགྲོ་བའི་གོ་སྐབས་ཡོད་པ་ཞིག་མིན་པས། ‘ཕ་རི་སི་རུ་ཀྲུང་གོའི་རིག་གནས་དྲིལ་བསྒྲགས་བྱེད་རྒྱུ’དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཤེས་རྟོགས་བྱེད་ཤུགས་ཆེ་རུ་དང་མཛའ་གྲོགས་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།