དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་7.4%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-10

    གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་འབྲེལ་བ་ཡོད་པའི་ཐོན་ལས་ཁེ་ལས(གཤམ་དུ“རིག་གནས་ཁེ་ལས”ཞེས་བསྡུ་རྒྱུ)ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་152135ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་10451འཕར་ནས་7.4%འཕར་ཡོད། དེའི་ནང་རིག་གནས་ལྟེ་བའི་ཁྱབ་ཁོངས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་103181ཟིན་པ་དེ་ལོ་གོང་མ་ལས་11.5%འཕར་ཡོད། ནང་དོན་གསར་རྩོམ་དང་། གསར་འགྱུར་ཆ་འཕྲིན་ཞབས་ཞུ། གསར་གཏོད་ཇུས་འགོད་ཞབས་ཞུ་སོགས་ལས་རིགས་ཆེ་གྲས་གསུམ་གྱི་ཚོང་གཉེར་ཡོང་འབབ་གྲངས་གནས་གཉིས་འཕར་བ་དང་འཕར་ཚད་13.5%དང་། 13.2% 12.3%བཅས་སོ་སོར་ཟིན་ཡོད།

    རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་ཕན་འབྲས་བརྟན་པོའི་ངང་ལེགས་སུ་ཕྱིན་ཞིང་། 2025ལོར་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་13763ཟིན་པ་དེ་ལོ་གོང་མ་ལས་6.5%འཕར་བ་དང་། ཚོང་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་འབབ་ཚད་9.05%ཟིན་ཡོད།

    རིག་གནས་ཀྱི་ལས་རྣམ་གསར་པའི་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་། 2025ལོར་རིག་གནས་ཀྱི་ལས་རྣམ་གསར་པའི་ཁྱད་ཆོས་ཅུང་མངོན་གསལ་དོད་པའི་ལས་རིགས་ཆུང་གྲས་16ཡི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་68253ཟིན་པ་དེ་ལོ་གོང་མ་ལས་14.3%འཕར་ནས་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ལས་བརྒྱ་ཆའི་གྲངས་6.9ཡིས་མགྱོགས་པ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།