ཡུལ་སྨད་ཀྱི་རྣམ་པ་གསར་པ།

འདི་ནི་2003ལོའི་ཟླ་10ཚེས་26ཉིན་པར་བླངས་པའི་ཡུལ་སྨད་ཤང་ཡིན་པ།

འདི་ནི་2017ལོའི་ཟླ་10ཚེས་31ཉིན་པར་བླངས་པའི་ཡུལ་སྨད་ཤང་ཡིན་པ།

འདི་ནི་2026ལོའི་ཟླ་2ཚེས་5ཉིན་པར་བླངས་པའི་ཡུལ་སྨད་ཤང་ཡིན་པ།

འདི་ནི་ཟླ་2ཚེས་5ཉིན་ཡུལ་སྨད་ཤང་གི་ཡུལ་མི་ཚོས་ཁྱིམ་དུ་ཁ་ཟས་བཟོས་ནས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་བསུ་བཞིན་པ།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཤིང་། མཐོ་གྲང་གཡང་གཟར་ཆེ་བའི་རང་བྱུང་ཁོར་ཡུག་གིས་རྐྱེན་པས་དུས་ཡུན་རིང་པོ་ཞིག་ནང་དེ་གར་གཞིས་ཆགས་མཁན་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་གསུམ་ལས་མེད། སྐབས་ཤིག་རིང་མི་རྣམས་ཀྱིས“མི་གསུམ་ཤང”ཞེས་ཀྱང་འབོད་ཀྱི་ཡོད། ད་ཆ། སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཁྱིམ་ཚང་ཚང་མར་གློག་ཁྲིད་པས། ཡུལ་སྨད་ཤང་དུ་གངས་ཆེན་པོ་བབས་སྐབས་རི་ལམ་འགག་པ་དང་གློག་སྤྱོད་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། 2025ལོར་ཤང་དེས་ཡུལ་སྐོར་བ་མི་ཐེངས་ཁྲི་1.2ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་སྒོར་ཁྲི་28.42ལྷག་ཙམ་ཟིན་ཡོད་པ་རེད།
ད་ཆའི་ཡུལ་སྨད་དུ། ཡུལ་མིའི་སྡོད་ཁང་གྲལ་སྟར་འགྲིག་པོས་བརྒྱབ་ཡོད་པ་དང་། ཆུ་འགྲོ་དང་འཕྲིན་གཏོང་སོགས་ལྷན་སྦྱར་སྒྲིག་བཀོད་གང་དགོས་ཚང་མ་འཛོམས་པ་མ་ཟད། སློབ་གྲྭ་དང་། འཕྲོད་བསྟེན་ཁང་། མགྲོན་ཁང་བཅས་གསར་དུ་བསྐྲུན་པ་དང་གྲོང་མི་ཚོས་ཁྱིམ་ཚང་མགྲོན་ཁང་དང་། ཙག་ཙིག་ཚོང་ཁང་། མྱུར་སྐྱེལ་ས་ཚིགས་བཅས་བཙུགས་ནས་ཡུལ་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་དང་སྐྱོད་མུས་རེད།
འབྲེལ་ཡོད་གསར་འགྱུར།