ཆིན་ལིང་རི་བོའི་བྱང་རྒྱུད་ཀྱི་གཞིས་སྲུང་རྒན་རྒོན་ལ་ལྟོ་ཆས་ཚ་པོ་ཟ་རྒྱུ་བྱུང་བ།

འདི་ནི་ཟླ་2ཚེས་6ཉིན་ཕང་ཧྥུའུ་ཆང(གཡས)གིས་ལྟོ་ཆས་ལེན་པར་ཡོང་བའི་རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

འདི་ནི་ལྟོ་ཆས་བླངས་ཟིན་པའི་རྒན་རྒོན་གྱིས་ཁྱིམ་གྱི་སྒོ་ཁར་ཕང་ཧྥུའུ་ཆང་ལ་ལག་པ་གཡུག་གཡུག་བྱེད་བཞིན་པ།
ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ལན་ཐན་རྫོང་སན་ཀོན་མེའོ་གྲོང་རྡལ་ལི་ཡུས་དབན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕང་ཧྥུའུ་ཆང་གིས་ཉིན་ལྟར་འཁོར་གསུམ་སྦག་སྦག་བཞོན་ནས་གྲོང་ཚོའི་རྒན་རྒོན་ཚོར་ལྟོ་ཆས་སྐྱེལ་གྱི་ཡོད།
ལི་ཡུས་དབན་གྲོང་ཚོའི་གཞོན་ནུ་དང་དར་མ་ཕལ་ཆེ་བ་ཕྱིར་གླ་པ་རྒྱུག་པར་ཕྱིན་སྟབས་གཞིས་སྲུང་རྒན་རྒོན་ཚོར་ཇི་ལྟར་བྱས་ཏེ་ལྟོ་ཆས་ཚ་པོ་དང་ཡག་པོ་ཟ་རྒྱུ་ཡོང་བ་བྱ་རྒྱུ་དེ་ནི་མི་ཚང་མས་སེམས་ཁུར་བྱ་ཡུལ་ཞིག་ཏུ་གྱུར་བས་ལྟོ་རིན་ཁེ་པོ་བྱས་ནས་རྒན་རྒོན་ཚོར་སྟབས་བདེ་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།