བོད་ཀྱི་ལུས་རྩལ་པ་གཉིས་དང་རྩལ་ཁྲིད་པ་གཅིག་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་6ཉིན། དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་ལྔ་པ་དབྱི་ཐ་ལིའི་གྲོང་ཁྱེར་སྨི་ལན་གྱི་ཧྲེང་ཞི་ལུའོ་ལུས་རྩལ་ཐང་དུ་འགོ་ཚུགས་པ་རེད།
སྐབས་འདིའི་འགྲན་བསྡུར་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ནང་བདམས་ཐོན་བྱུང་བའི་བོད་ཀྱི་ལུས་རྩལ་པ་དབྱངས་ཅན་ལྷ་མོ་དང་ཚེ་བརྟན་གཡུ་སྒྲོན་དང་། རྒྱལ་ཁབ་རུ་ཁག་གི་རྩལ་ཁྲིད་པའི་ཚོགས་ཆུང་ནང་བདམས་ཐོན་བྱུང་བའི་རྩལ་ཁྲིད་པ་བསོད་ནམས་བཅས་གསུམ་མཉམ་དུ་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།