དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་རུམ་འཇར་མན་གྱི་ཧན་ནུའོ་ཝེ་རྒྱལ་སྤྱིའི་ས་གདན་འགྲེམས་ཚོགས་སུ་བཤམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-10

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། རང་ལྗོངས་ཀྱི་རྒྱལ་རྩེའི་བཟོ་རིག་པ་བོད་རུམ་དང་ཁ་བ་ཅན་བོད་རུམ་སོགས་ལྗོངས་ནང་ཁུལ་གྱི་སྣེ་འདྲེན་ཐོན་སྐྱེད་དང་། ཚོང་གཉེར། ཇུས་འགོད་བཅས་ཀྱི་ཁེ་ལས་ལྔའི་ཚོགས་པ་འཇར་མན་གྱི་ཧན་ནུའོ་ཝེ་རྒྱལ་སྤྱིའི་ས་གདན་འགྲེམས་ཚོགས(DOMOTEX)སུ་ཞུགས་ཤིང་། ས་ཡུལ་དངོས་སུ་རྒྱ་ཡིག་དང་དབྱིན་ཡིག་གི་བོད་རུམ་ཐོན་ལས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་489ལྷག་སྤྲད་པ་དང་། ཕྱིར་གཏོང་དང་ཇུས་འགོད་ཀྱི་འདོད་མཐུན་མཉམ་ལས་19གྲུབ་པ། མངགས་ཐོ་3ལ་དངོས་སུ་གན་རྒྱ་བཞག་པ། མངགས་ཐོའི་དངུལ་འབོར་མི་དམངས་ཤོག་སྒོར་ཁྲི་43.5ཟིན་པ་བཅས་བྱུང་སྟེ་བོད་རུམ་ཕྱི་རྒྱལ་དུ་འཚོང་བར་གྲུབ་འབྲས་དངོས་ཐོབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲེམས་ཚོགས་ཀྱིས“ཁོར་ཡུག་སྲུང་སྐྱོང་དང་། རྒྱུན་མཐུད་ཆོག་པ་དང་ནུས་པ་རིམ་སྤོར”བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། འགྲེམས་དངོས་ལ་ཐོན་རྫས་སྣ་ཁ་ཡོངས་ཀྱི་ཁང་པའི་མཛེས་རྒྱན་རྒྱུ་ཆ་ཚུད་པས་གོ་ལ་ཧྲིལ་པོའི་ཁེ་ལས་1600འགྲེམས་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། དེ་ནི་ཡོ་རོབ་ཀྱི་རྩེར་སོན་ཁྲོམ་ར་དང་འབྲེལ་མཐུད་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།